བོད་ཡིག་གི་ཡིག་གཟུགས་དེ་ཐོག་དང་པོརGoogle Fontsནང་དུ་ཚུད་པའི་འཕྲིན་གསར་ཞིག

1181


               ___བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན།


དེ་ཡང་སྤྱི་ལོ2016ལོརGoogleཡིསGoogle Fonts Early Accessཁྲོད་དུNoto Sans Tibetanཅེས་བའི་བོད་ཡིག་གི་ཡིག་གཟུགས་ཤིག་བཟོས་ཏེ་ཀུན་གྱི་སྤྱན་སྔར་བསྟར་མོད། དུས་ཡུན་རིང་པོ་འགོར་ནའང Google Fontsཁྲོད་དུ་ད་དུང་ཚུད་ཐུབ་མེད་པ་རེད།


ཉེ་ཆར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་སྤྱི་ཟླ9པའི་ནང་ལGoogle Fonts གཞུང་ཕྱོགས་དྲ་ཚིགས་སུ་བོད་ཡིག་གི་ཡིག་གཟུགས་རིགས་ཤིག་མཁོ་འདོན་བྱས་ཡོད་པ་ནི་བོད་ཀྱི་འཕྲུལ་རིགས་ཡིག་གཟུགས་ཐད་ལ་ཕྱག་རྗེས་ཤིན་ཏུ་ཆེ་བའི་སྐུ་ཞབསChristopher J. Fynnལགས་ཀྱིས་བཟོས་གནང་མཛད་པའིJomolhariཡིག་གཟུགས་དེ་ཡིན་པ་རེད།


Google Fonts ཁྲོད་ཀྱི་བོད་ཡིག་གི་ཡིག་གཟུགས།


མིང་ལ་ཇོ་མོ་ལྷ་རི་ཡིན་པའི་ཡིག་གཟུགས་འདི་ནི་བོད་དང་འབྲུག་ཡུལ་ཐུན་མོང་གིས་སྤྱོད་པའི་ཡིག་གཟུགས་ཤིག་ཡིན་ལ། དེ་སྔའི་དུས་སུ་རྩིས་འཕྲུལ་ནང་དུ་བླུགས་རུང་བའི་ཐོན་རིམ་དེ་རིན་མེད་ངང་མཁོ་སྤྲོད་བྱས་མྱོང་བ་དང་། ཡིག་གཟུགས་ཀྱི་བོངས་ཚད་ཅུང་ཆེ་སྟབས་དྲ་ངོས་སུ་སྤྱོད་པར་དེ་འདྲ་སྟབས་བདེ་མིན་པ་རེད།


དེང་སྐབསGoogle Fontsགཞུང་ཕྱོགས་དྲ་ཚིགས་སུ་ཚུད་པ་འདིས་དྲ་ངོས་སུ་བེད་སྤྱོད་གཏོང་ཆོག་པ་མཚོན་གྱི་ཡོད་ལ། བོངས་ཚད་ཀྱང་ཧ་ཅང་ཆུང་བར་བྱས་ཡོད་པས་ཐད་ཀར་བེད་སྤྱོད་བཏང་ཡང་གནད་དོན་གང་ཡང་མེད་པ་དང། གཟའ་འཁོར་སྔོན་མར་བསྡོམས་རྩིས་བྱས་པ་ལྟར་ནGoogle Fonts APIཞབས་ཞུའི་ཁྲོད་དུ་མིག་སྔརJomolhariཡིག་གཟུགས་བེད་སྤྱོད་གཏོང་མཁན་དྲ་ཚིགས1700ལས་བརྒལ་ཡོད་པ་རེད།


དྲ་རྒྱའི་ཡིག་གཟུགས་ལག་རྩལ་( Web font )གྱིས་གློག་ཀླད་ཀྱི་རང་སའི་ཡིག་གཟུགས་ཀྱི་དྲ་ངོས་ཇུས་འགོད་པར་ཕུན་སུམ་ཚོགས་པའི་ཡིག་གཟུགས་གདམ་ག་མཁོ་འདོན་བྱེད་ཅིང་། དྲ་ངོས་སུ་(CSS)དྲ་ཐོག་གི་ཡིག་གཟུགས་ཤིག་གཏན་འཁེལ་བྱས་ན། སྟེགས་བུ་གང་རུང་དུ་ཁྱོད་རང་དགའ་སའི་ཡིག་གཟུགས་གང་འདོད་དུ་བཀོལ་སྤྱོད་བྱེད་ཐུབ་པ་ཡིན། Google Fontsནི་འཛམ་གླིང་ཐོག་ཆེས་ཆེ་བའི་དྲ་རྒྱའི་ཡིག་གཟུགས་ཚོང་རའི་ཁྲོད་ཀྱི་གཅིག་ཡིན་ལ། དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ་སོགས་ལྟ་བུར་མཚོན་ན་དྲ་རྒྱའི་ཡིག་གཟུགས་ནི་ཧ་ཅང་རྒྱུགས་ཆེ་བ་དང་། བོད་ཡིག་ལ་མཚོན་ན་ད་སོ་མ་སྤྱོད་འགོ་ཚུགས་པའི་གནས་ཚུལ་དེ་འདྲ་ཞིག་རེད།

    ཡིག་གཟུགས་འདི་དྲ་ངོས་སུ་བཙུད་འཇུག་བྱེད་སྟངས་ནི་གཤམ་གསལ་ཚབ་ཨང་ལྟར།

<link href="https://fonts.googleapis.com/css?family=Jomolhari&display=swap&subset=tibetan" rel="stylesheet">

དྲ་ངོས་སུ་ (CSS) ཡིག་ཆའི་ཁྲོད་དུ་འབྲི་སྟངས་ནི་གཤམ་གསལ་ཚབ་ཨང་ལྟར།

font-family: 'Jomolhari', serif;

དེ་ལྟར་གྲུབ་རྗེས་དྲ་ངོས་སུ་ཇོ་མོ་ལྷ་རིའི་ཡིག་གཟུགས་དེ་འཆར་ཐུབ་བོ།།


            རྩོམ་ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།