བོད་སྐད་ངོ་སྤྲོད་ཀྱི་སློབ་དེབ་ཅིག་དཔར་སྐྲུན་བྱས།

1760

      འཛམ་གླིང་གི་གཙུག་ལག་སློབ་གྲྭ་ཆེན་མོ་རྩེ་ཕུད་ཉི་ཤུའི་གྲས་ཡིན་པའི་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོ་Australian National University (ANU) ཡིས་གཞུང་འབྲེལ་ཐོག་བོད་སྐད་ངོ་སྤྲོད་ཀྱི་སློབ་དེབ་དངོས་སུ་པར་སྐྲུན་གནང་། སློབ་དེབ་འདི་ནི་སྐད་བརྡ་རིག་པའི་མཁས་དབང་རུ་རྡ་ལགས་དང་། འབུམ་རམ་པ་བསྟན་འཛིན་ཆོས་འཕགས་ལགས། གློག་འཕྲུལ་ཁྱད་ལས་པ་གྷ་ར་ཛི་ཡ། ལོ་ཙྭ་པ་ཆུང་ཚེ་རིང་བཅས་མཉམ་ལས་ཀྱིས་རྩོམ་སྒྲིག་གནང་པ་ཞིག་ཡིནའདུག

     སློབ་དེབ་དེར་དུམ་བུ་གསུམ་ཡོད་པ་ལས། དུམ་བུ་དང་པོའི་ནང་བོད་ཡིག་འབྲི་ཀློག་ངོ་སྤྲོད་དང་། དུམ་བུ་གཉིས་པའི་ནང་ཁ་སྐད་བཤད་སྟངས། དུམ་བུ་གསུམ་པའི་ནང་ཡིག་སྐད་བཅས་གཙོ་བོ་ཕྱོགས་གསུམ་ལ་དོ་སྣང་བྱས་ཡོད་པ།

    སློབ་དེབ་འདི་ནི། དེང་རབས་ཀྱི་ཚད་མཐོའི་གློག་འཕྲུལ་ལག་རྩལ་དང་དྲ་རྒྱའི་ཆ་རྐྱེན་བཀོལ་ཏེ་གསར་བསྐྲུན་བྱས་ཤིང་། དམིགས་ས་གཙོ་བོ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་ཆེན་ནང་བོད་ཡིག་བོད་སྐད་སློབ་སྦྱོང་བྱེད་མཁན་ཕྱི་གླིང་བ་ཚོ་ཡིན།

        སློབ་དེབ་འདི་ནི། ཡིག་རིས་དང་། སྒྲ་གདངས། བརྙན་བཅས་མཉམ་སྒྲིག་བྱས་པ་ཞིག་ཡིན་སྟབས། སྔོན་དུ་ཨིན་སྐད་ནང་བོད་སྐད་ཀྱི་འགྲོ་ལུགས་འགྲེལ་བཤད་ཁ་གསལ་དང་། སྐབས་འབྲེལ་དཔེ་མཚོན་དང་རྗོད་སྟངས་རྣམས་བོད་མི་རང་གི་བཤད་སྟངས་པར་ལེན་གྱིས་བཀོད་ཡོད། ཕྲན་གྱིས་སློབ་དེབ་འདི་རང་གཙོ་བོར་བཟུང་སྟེ་འདས་པའི་ལོ་གཉིས་རིང་སློབ་ཁྲིད་བྱས་ཤིང་། སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ནས་བྱུང་བའི་ལེགས་ཆ་མང་པོ་ཞིག་གསར་སྣོན་དང་། སྐྱོན་ཆ་ཁག་བཅོས་ཡོད།

     སློབ་དེབ་འདི་དྲ་ཐོག་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་གློག་ཀླད་ནང་རིན་མེད་ཕབ་ལེན་བྱེད་ཐུབ་པ་མ་ཟད། སྐར་ཁུང་རྟགས་ཅན་གྱི་གློག་ཀླད་དང་ཁ་པར་ཁག་ཏུའང་རིན་མེད་ཕབ་ལེན་བྱེད་ཐུབ།

      སློབ་དེབ་འདིའི་ཐད་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡོད་ན་ཐད་ཀར་གསུངས་རོགས། འདི་འཕྲུལ་དེབ་ཡིན་པས་ནོར་བཅོས་བྱེད་བདེ་བར་བརྗོད།   

དྲ་གནས།https://press.anu.edu.au/publications/introduction-tibetan-language?fbclid=IwAR0_CKYcuk990Hqs_mKWmvWhj_j4Gd9eFRYPRz4lwO_5srIO0ckYpgfTux8

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།