གཞུང་བཀའ་པོད་ལྔའི་སྒྲ་ལམ་སློབ་ཁྲོད་མཉེན་ཆས་གསར་ཤོས་ཤིག་ཐོན་ཡོད།

927

 

 

         རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སྐུ་གཤེགས་ནས་ལོ་འཁོར་ལྔ་བརྒྱ་དང་དགུ་བཅུ་གོ་བརྒྱད་ལོན་པའི་དགའ་ལྡན་ལྔ་མཆོད་ཆེན་མོ་དང་བསྟུན་ནས་སེར་ཤུལ་བྱང་ཆུབ་འོད་དྲ་བས་འཛམ་གླིང་གི་རིག་གནས་ཆ་འཕྲིན་ཅན་དང་དེང་རབས་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་མཐའ་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་བྱང་ཆུབ་འོད་དྲ་བའི་ལས་གཞི་གཙོ་བོ་སྒྲ་ལམ་སློབ་ཚན་སྟེ་མིག་སྔར་བཀའ་པོད་ལྔའི་སློབ་ཚན་ཆིག་སྟོང་ལྷག་ཉན་ཐུབ་པའི་མཉེན་ཆས་Appཤིག་བཟོས་ཡོད་ལ་མ་འོངས་པར་མུ་མཐུད་སློབ་ཚན་གསར་པ་ཁ་སྣོན་བྱ་རྒྱུ་ཡོད། མཉེན་ཆས་ཀྱི་མིང་ལ་བྱང་ཆུབ་འོད་ཅེས་བཏགས་ཡོད་པ་དང་།  དབྱིན་ཡིགbuddhilight ཞེས་བྲིས་ཡོད།  འདི་བཟོ་དགོས་པའི་དམིགས་ཡུལ་ནི་བརྡ་འཕྲིན་གྱི་དུས་རབས་འདིར་ཤེས་ཡོན་དང་འབྲེལ་བའི་ལས་རིགས་ཡོངས་འཕྲུལ་ལས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད།  དེར་བརྟེན་གཞུང་ཆེན་བཀའ་པོད་ལྔ་སོགས་སློབ་སྦྱོང་གནང་མཁན་རྣམས་ཀྱིས་དཔེ་ཁྲིད་ལ་ཉན་སའི་མཉེན་ཆས་སྟབས་བདེ་ཞིག་མིག་སྔར་མི་སྣང་བས་ངེད་བྱང་ཆུབ་འོད་དྲ་བས་འཆད་ཁྲིད་སོགས་འདུས་པའི་གཞུང་ཆེན་བཀའ་པོད་ལྔའི་སྒྲ་ལམ་སློབ་ཚན་གྱི་མཉེན་ཆས་འདི་བྱང་ཆུབ་འོད་གཞུང་སྒྲུབ་ཁང་དང་སི་ཁྲོན་དཔག་བསམ་ཤིང་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་བཟོས་ནས་ད་ལྟ་ཀུ་ཤུ་ཁ་པར་(iPhone/iPad)དང་ཨན་ཌོ་(Android)ཁ་པར་སོགས་སུ་ཕབ་ལེན་བྱ་ཆོག་པ་བྱས་ཏེ་འགྲེམས་སྤེལ་བྱས་ཡོད། ཕབ་ལེན་གྱི་གོ་རིམ་ནི་བྱང་ཆུབ་འོད་དྲ་གནས་www.buddhilight.comཀྱི་གཤེར་རིས་བརྒྱུད་དེ་ཕབ་ལེན་བྱ་ཆོག་ལ།  ཀུ་ཤུ་ཁ་པར་སོགས་སུ་མཉེན་ཆས་ཀྱི་མིང་buddhilight ཞེས་པ་བཏགས་ནས་རིན་མེད་ངང་ཕབ་ལེན་བྱ་ཆོག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།