གཅན་མེ་སྟག་གིས་གསར་དུ་བསྒྱུར་བའི་སྙན་ངག་ཚན་པ་གཉིས།

3336


མིང་གྲགས།

རྩོམ་པ་པོ། ཕི་ཊ་ནེ་ཁུ།(ཨ་ཀིན་ཐིན)དེ་ནི་ཁྱེད་གབ་ཅིང་སྦས་པའི་སྙན་ངག་ཅིག་མ་རེད།
དེ་སྣུམ་ཚོན་རི་མོ་ཞིག་རེད།
དེ་རྩིག་ལྡེབས་ཀྱི་གས་སྲུབས་ཤིག་རེད།
དེ་རླུང་ནང་དུ་འཕྱོ་བཞིན་པ་གང་ཞིག་རེད།
དེ་བྲོ་བ་ཧ་ཅང་ཁ་བོ་ཞིག་རེད།

ཡོད་ཚད་ཁྱོད་ཀྱི་ཆེད་དུ།

རྩོམ་པ་པོ། ཕུ་ལེ་ཝེ་ཨེར།(ཧྥ་རན་སི)


སྔོན་ལ་ང་འདབ་ཆགས་ཚོང་ར་རུ་ཕྱིན།
ཁྱོད་ཀྱི་ཆེད་དུ།
སྙིང་ཉེ་མ།
ངས་བྱེའུ་ཞིག་ཉོས།

དེ་ནས་ང་མེ་ཏོག་ཚོང་ར་རུ་ཕྱིན།
ཁྱོད་ཀྱི་ཆེད་དུ།
སྙིང་ཉེ་མ།
ངས་མེ་ཏོག་ཅིག་ཉོས།

ང་ད་དུང་གད་སྙིགས་ར་བ་རུ་ཕྱིན།
ཁྱོད་ཀྱི་ཆེད་དུ།
སྙིང་ཉེ་མ།
ངས་ལྕགས་ཐག་ཅིག་ཉོས།
ལྗིད་ཏིག་ཏིག་གི་ལྕགས་སྒྲོག

མཇུག་མཐར་ང་བྲན་གཡོག་ཚོང་ར་རུ་ཕྱིན་ཏེ།
ཁྱོད་རང་བཙལ་མོད།
ཁྱོད་གར་སོང་གི་རྗེས་མི་འདུག
སྙིང་ཉེ་ཨ་སྙིང་ཉེ།
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།