སྲུང་གཡག་རོག་རོག་ཅིག་གིས་ཁྱོད་ཀྱི་ཐག་པ་བཅད་སོང་།

17694

    
                               ___རྩོམ་པ་པོ། གཉན།

 
མ་རིག་པའི་མུན་པ་ནི།
ཆ་མེད་ཀྱི་ལག་པ་མང་པོའོ།།
ལག་པ་མང་པོའི་ནང་ལ།
མུན་པ་རྣམས་འཐིབ་པར་བྱེད་དོ།།

དེའི་དབུས་སུ།
རུ་ཐུར་ནི་ཉི་འོད་ཆེམ་ཆེམ།

གདོད་མ་ནས་འོ་མ་བླུད་སའི།
ན་རོ་ཚ་མོ་ཚ་མོ་དེ།
ཆག་ཆེ་ཉམ་ང་ཡིས་མི་གྲང་ངོ་།།

རྡོ་རྗེ་རྩེ་དགུ་ངར་མ་ཡིན་པས།
དགུང་སྔོན་ནམ་མཁའ་ལ།
གྱེན་དུ་འཕྱོ་བ་ལས།
ཞུམ་ནས་ཐུར་དུ་མི་འབབ།

ལོག་སྨྲའི་ཚང་ཚིང་སྲེག་པ་ལ།
ཉི་འོད་ཀྱི་འོག་ཏུ།
ལྷང་ལ་བུད་པ་ལོས་ཡིན།

ཡུལ་ཁམས་ཧྲིལ་བོ་ཁུར་ནས།
གཙང་བོ་རབ་ཁ་མེད་ས་ཞིག
གློ་བུར་དུ་བརྒལ་སོང་བ་མཐོང་།

ལྷའི་སྤང་ལྗོངས་སྔོན་མོ་དེ།
ཁྱོད་ལ་ཐིམ་ཐུབ་ཡོད་པས།
ཁྱོད་ནི་དེའི་ནང་དུ།
སླར་ཡང་གྱམ་འགྲོ་བ་ཡིན་ནམ།

               2018.8.6
  ༜ཁྱུང་མཆུ་རྫོང་གི་ཉིས་སྟོང་བཅོ་བརྒྱད་ལོའི་རོལ་མོའི་དུས་སྟོན་ཐོག་ཏུ་དོན་དངོས་ཀྱི་མཛེས་པ་དང་བདེན་པ་ཞིག་མཐོང་བ་ནི། སྣང་བ་རང་ཡན་གྱི་སྲུང་གཡག་རོག་རོག་ཅིག་ཚོགས་ར་ནང་ནས་ལག་མ་ཞོག་པར་ཐག་པ་བཅད་ནས་ཤོར་བ་དང་དེའི་ཡིད་བརྙན་ཕུན་སུམ་ཚོགས་པ་དེ་བདག་གིས་བོད་ཡིག་གི་སྙན་རྩོམ་ནང་ལ་འཇོག་དགོས་པའི་རྒྱུ་མཚན་རྙེད་པ་ཡིན་ནོ།།

0

One Response to སྲུང་གཡག་རོག་རོག་ཅིག་གིས་ཁྱོད་ཀྱི་ཐག་པ་བཅད་སོང་།

  1. སྐྲན། ལགས་ཀྱིས:

    ཡིད་བརྙན་དེས་སྟག་ཤར་ལི་ཞིག་དཔའ་གདེང་དང་རང་ཚུགས་སེམས་ལ་བཞག་སོང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།