
རྩོམ་པ་པོ། ཐེའུ་རང་།
དགུན་ཁ་འདིའི་ས་སྲོད་བཞིན།
གྲང་འཁྱག་དང་ཁུ་སིམ་ཁྲོད།
རྒྱང་ནས་རྒྱང་དུ་ཡལ་གྱིན་པའི།
རབ་རིབ་ཀྱི་སྒྲུང་དང་མི་སྣ།
བདག་གིས་ལྟ་གིན་ལྟ་གིན་ཁྱོད་རང་བོར་འགྲོ།
མི་ཁོམ་པའི་སྒྲིབ་ཡོལ་ཕག་ན།
འདར་ཙམ་འདར་ཙམ་གནང་བའི།
ཤ་ཚའི་ཉི་ཟེར་གཉོམ་པོ།
དུས་ཚོད་ཀྱི་རླུང་བུས་དྲག་ཏུ་གཡོས་པས་ཡིན་ནམ།
ཡུལ་དང་དུས་ཚོད།
གཏམ་རྒྱུད་ཀྱི་འབྱུང་རྐྱེན་དང་བརྒྱུད་རིམ།
ད་ལྟ། ཉི་ནུབ་བཞིན།
བདག་གི་མིག་ལམ་ན་ཐང་ལ་ལྷུང་གིན་གདའ།
དགུན་ཁ་ཞིག་ཚར་རྗེས།
ཁངས་དང་ཆབ་རོམ་མྱ་ངན་གྱིས་ཞུ་འགྲོ་བ་ཇི་བཞིན།
སེམས་པར་གཡོ་སྐྱོམས་བཟོས་སོང་།