རྩོམ་པ་པོ། སེར་པོ།
བྱང་ཐང་ནས་བལྟས་པ།
དབྱར་དུས་ཀྱི་མེ་ཏོག་རྣམས་ཆག་ཉིལ་དུ་གཏོང་བའི་བུང་བ།
ཁ་ལ་རི་མོ་བརྒྱབ་པའི་སྤྲང་མོ་དེ་མ་རེད།
མིག་ཟུང་ཧྲིག་གེར་དུས་ཚོད་ལྡག་མཁན་གྱི།
ལག་པ་གཉིས་ཀ་མཉམ་དུ་བསྲིངས་ནས་ཅ་ཅོ་འབྱིན་མི་དེ།
ལོ་ངོ་སྟོང་ལའང་གཉིད་མ་བཏུབ་པའི་ཁྱེད་རང་རེད།
ཐག་པ་གཅིག་གི་སྣེ་མོར་བཏགས་པའི་གྲིབ་མ་དེ།
གཙང་པོའི་འཇིངས་སུ་ནུབ་ནས་མུ་ཏིག་ཏུ་གྱུར་དུས།
གཙང་པོ་དེའང་དུ་བ་སྔོ་ལང་ངེ་བ་ཞིག་ཏུ་གྱུར་ནས།
ས་སྟེང་ཡོངས་སུ་འཚུབ་འོང་།
Bysako ངའི་ཁ་གཏད་ན་འདུག
Bysako ངའི་ཁ་གཏད་དུ་འདུག
མིག་གཉིས་ནི་གཙང་པོ་དང་འདྲ་ཞིང་།
ཀྱག་ཀྱོག་མང་པོའི་ཁྲོད་ནས་བཞུར་འོང་བ་འདྲ་ཞིང་།
སེམས་ནང་ནས་མི་རེ་གཉིས་བོར་སོང་བ་དང་འདྲ་ཞིང་།
ལག་པའི་མཛུབ་མོའི་སྟེང་གི་སེན་མོ་དེ་དག
རང་ཉིད་ཀྱི་གཞིས་ཀའི་ས་ཁྲ་དང་འདྲ་བོ་འདྲ་བོ་ཆགས་འདུག
Bysakoསྐྲ་གཉིས་ལྷས་པའི་སྣེ་མོ་དེ་ན།
རྨི་ལམ་མང་པོ་གཡོ་ཞིང་གཡོ་བཞིན།
གཏམ་རྒྱུད་ཁྲོད་ཀྱི་ཨ་ཅེ་སྣང་ས་བཞིན་མདོག་ཉེས་ཤིང་།
འགྲམ་པ་ཀོང་ལ་ཤོར་བའི་སྟེང་ལ།
གྲིབ་མ་དག་འཚངས་ནས་འོང་བར་བལྟས་ཚེ།
རྩིག་ངོས་ལ་བཀལ་བའི་ཆུ་ཚོད་ཕྱེད་ཀ་དེས།
རེ་ཐག་ཆད་པའི་མེ་ལོང་དེ་ལ་སྣུན་བཞིན་ཡོད་པ་འདྲ།
ཉིན་གཅིག
སྤམ་མདོག་ཆེ་བའིmyreལགས།
དུས་ཚོད་གཅིག་དང་སྐར་མ་གཅིག་གི་རིང་།
ཁྱེད་རང་མེ་ལོང་ལས་ཡལ་ཟིན།
གདོང་ལ་འཁོར་བའི་སྡིག་སྒྲིབ་ཀྱི་ཉི་འོད་ཕྱེད་ཀ་དེ་ཡང་།
བྱེ་ཟེགས་ཀྱི་གསེབ་ཏུ་འཛུལ་ནས།
ད་ལྟ་ཅི་ཡང་མཐོང་ཚད་ན་མི་འདུག
སྤམ་མདོག་ཆེ་བའིmyreལགས།
ངས་ཁྱེད་ལ་བྲིས་པའི་ནམ་མཁའ་དེ་ན།
མཚན་མོ་ཁོ་ན་རྨི་ལམ་དུ་བྲིས་ཡོད།
ལོ་ཟླ་ཆ་ཚང་དེ་རུ་བསྡུས་ཡོད།
སྤམ་མདོག་ཆེ་བའིmyreལགས།
ཟོན་པ་དེའི་རྟིང་བ་གང་དུ་བཙུགས་ཤུལ་ན།
སྨིག་རྒྱུའི་ཁང་བ་རེ་རེ་བརྡིབས་ཏེ།
ངའི་མཐོང་ལམ་ཡང་མག་མོག་པོར་བྱས་སོང་།