རྩོམ་པ་པོ། འཐོར་རླུང་།

——ཡི་དམ་ཚེ་རིང་རྗེས་སུ་དྲན་པ།
དགེ་སྐྱོན་སྒོར་གྱིས་རྒྱ་མར་འཇལ་བའི་སྙིགས་མའི་དུས་སུ་རྒྱུ་ནོར་མ་བསག་སྙན་ངག་བསགས།།
ཁ་ཡག་ངོ་དགས་ཆེ་བསྟོད་བྱེད་པའི་དཔོན་ཚུགས་བཀུར་དུས་དཔོན་ངོ་མི་འཚོ་བདེན་ངོ་འཚོས།།
ཕུགས་མེད་བྲག་ཅའི་ངོམས་སོ་དར་བའི་ཅོལ་ཆུང་བསླུ་དུས་སྙན་གྲགས་མ་སྙེག་ལོ་རྒྱུས་བསྙེགས།།
སྒེར་སེམས་འགོང་བོ་སྐྱེ་འགྲོའི་བདེ་སྐྱིད་གཤེད་དུ་གཟན་དུས་རང་དོན་མ་བསམ་སྤྱི་དོན་བསམས།།
ཉིད་ཀྱི་སྙིང་རྩི་གྱེན་དུ་སྐྱེས་པ་གཞར་དུ་མི་བཏུབ་ཐུ་བྷོད་གཞོན་ནུའི་བྲང་ལ་བཏབ།།
སྐྱེ་པ་འདྲ་ཡང་ཤི་གསོན་མི་འདྲ་ལ་ལའི་ལས་དབང་འཇིག་རྟེན་ཁམས་ན་རོ་དང་མཚུངས།།
ཁྱེད་ཀྱི་འཕྲིན་ལས་འདི་ཕྱི་མ་དབྱེ་གཟི་འོད་ལྷམ་མེར་སྲིད་པའི་རྩེ་ན་གསོན་པོར་གནས།།