
ར་བ།
ལྕམ་ཤིང་ཀྱག་ཀྱོག་དག་གི་ངོས་སུ
དུད་ཞག་གི་སྐུད་པ་དཔྱངས་པ་མཐོང་དུས
ཞུ་སྟེགས་སྟེང་གི་གསལ་ལ་མི་གསལ་བའི་སྣུམ་སྒྲོན་དང
ཨ་ཅག་སྐྱིད་པའི་མ་ཎི་འཁོར་ལོ
བུ་མོ་ཕན་ཐོགས་ལགས་ཀྱི་གཞས་གདངས
མེ་ཕོར་ཁོག་ལྟིར
རི་རྩེའི་ཟ་ཟིའི་སྐར་འོད་སོགས
གཅིག་དྲན་གཉིས་དྲན་གྱི་དྲན་པ་དེས
གནའ་བོའི་བྱང་ཐང་ནི་མེ་ལོང་ཞིག་ཏུ་སྦྱངས་ཤིང
མེ་ལོང་དེའི་ཆུ་ཞེང་གི་ཁྱོན་ནི
མིག་ལམ་དུ་རབ་རིབ་ཙམ་དུ་བསྟར
རབ་རིབ་ཀྱི་གཞི་དེ་ལས
རིང་བ་ནི་སྐྱིད་ཆུ་དང་འདྲེས་ནས་གནའ་བོའི་ལམ་དུ་ཞུགས
ཐུང་བ་ནི་རང་གི་སྒེའུ་ཁུང་གཡས་གཡོན་དུ་ཞུགས
མེ་ལོང་དེ་འབྱིད་པའི་ལག་པ་ཆུང་ཆུང་དེས
བྱིས་པའི་གདོང་གི་སྣབས་དང་ཚི་དྲེག་འབྲི་འོང་ཞིང
སློག་ཚར་དང་རྡོ་ཡི་སེམས་ཅན་འབྲི་འོང
སེམས་ཅན་དེ་དག་གི་གློ་བ་དཀར་པོ་ཡིན་པའང་འབྲི་འོང
ལྕམ་ཤིང་ཀྱག་ཀྱོག་དག་གི་ངོས་སུ
ངས་ལུས་པོ་ཨ་སློག་རྒྱག་ཞོར་བལྟས་ན
འདྲིས་ཆེ་བའི་སེམས་ཅན་ཚན་ཞིག་རིང་དུ་གྱེས་ཤིང
ཅ་ཅོའི་ཀློང་དུ་སེམས་ཅན་ཁག་ཅིག་གསར་དུ་བསླེབས་ནས
ཨར་འདམ་དང་འགྱིག་ཤིང་གི་ར་བ་དེ་རུ
མགོ་མེད་པའི་རི་དྭགས་དང
རྣ་བ་ཡ་གཅིག་ཅན་གྱི་མི
ལག་པ་གཡོན་པ་ཅན་གྱི་གླང་ཆེན་འཁྲབ་བཞིན་འདུག
བཀྲ་ཤིས་གཡང་ཆགས།
དུས་ཚིགས་བཞི་ལ་མི་འགྱུར་བ་ནི
ས་འོག་ལ་བཤངས་པའི་མེ་འཁོར་ལམ་དེ་མ་རེད
སིལ་ཏོག་འཚོང་མཁན་གྱི་ཉི་གདུགས་དམར་པོ་དེ་མ་རེད
བར་སྐོར་ལམ་ནས་ཐོས་པའི་སྐེ་དྲིལ་གྱི་སིང་སིང་གི་སྒྲ་དེའང་མ་རེད
རྡོག་ཐོན་བྱ་སའི་སྒོ་འགྲམ་མང་པོ་རུ
སྤྲང་ཀོག་ཚན་ཞིག་དོན་ཅིང
རེ་རེས་རྣ་གཡུ་རེ་བརྒྱབ་པའི་ཁྲོད
གདོང་ལ་སྣུམ་དྲེག་ཆགས་པའི་བཀྲ་ཤིས་གཡང་ཆགས
ལོ་ཟླའི་གཅོང་རོང་གི་ཁྲོད་ནས་ཐར་བའི་ཨ་ཅག་དེ
ངོ་ཕྱེད་གཏན་དུ་མཐོང་མི་ཐུབ་པའི་འོག
དོ་ནུབ་བསྐྱར་དུ་རྨི་ལམ་ལ་འཛུལ་བྱུང
ཨ་ཅག་དེའི་མིག་འོད་ཀྱི་མདེའུ
བྱང་ཐང་གི་སྦྲའི་ཁ་ཚུབ་ལ་ཐོགས་པའི་ཟླ་བ་དེ་རེད
Byroསྐྱེས་སྐར་ལ་ཕུལ་བ།
Byro ཁྱེད་ཐག་པ་ཞིག་ཡིན་པའི་དབང་དུ་བཏང་ན
ཁྱེད་ཀྱིས་ཅི་ཞིག་བསྡམས་ནས་གཏོང་མི་འདོད་པ་དེ
ལྗོན་པ་ཞིག་མ་རེད
གཙང་པོ་ཞིག་མ་རེད
Byro དུར་ཁྲོད་དུ་ཆས་པའི་ཉི་འོད་བགྲེས་སོང་དག་ཀྱང
ཡ་ང་མེད་པར་ཁྱེད་དང་ཐག་ཉེ་རུ་བཅར་ན
གངས་འདབས་ཀྱི་དྲེལ་བ་མང་པོ་ཞིག་གིས
མིག་ཟུང་ཧྲིག་གེར
གྲུ་ཁ་ཞིག་སྙེགས་བཞིན་པའི་སྐབས་ལ
སླར་ཡང་ཁྱེད་དང་འཕྲད
Byro ཁྱེད་ལ་གདུབ་རྩུབ་ཆེས་དྲགས་པས
མི་རྣམས་ཧ་ཅང་ཁྱེད་ལ་ཞེད་སྣང་འཁོལ་བཞིན་འདུག
ཁྱེད་ཀྱི་ལུས་དང་གྲིབ་མ
ས་ཕྱོགས་དང་ཡུལ་ཕྱོགས་ཀུན་ལའང
མཉམ་འཇོག་གིན་འདུག
Byroཁྱེད་སྨན་ཁང་ཞིག་གི་སྨན་ཞབས་ལ་གྱུར་བ་ནས
ཁྱེད་ཀྱི་ལྭ་བ་དེའི་ཁ་དོག
རྨི་ལམ་ལ་བཀབ་པའི་སྤྲིན་པ་ཞིག་དང་མཚུངས་ཤིང
རྨི་ལམ་ན་ལང་ལོང་དུ་གཡོ་བའི་སྨུག་པ་ཞིག་དང་ཡང་མཚུངས
Byro ཇ་མཆོད་སྐབས་དང་གློག་བརྙན་ལ་ལྟ་སྐབས
རྒྱལ་ས་ཕེ་རི་སི་ནས་ཡིན་པའི་སྒྲུང་གཏམ་ཞིག་ཏུ
ཁྱེད་དང་འདྲ་བའི་མི་སྣ་རེ་འགའ་ཡོད་པ་མཐོང་ཞིང
མི་སྣ་དེ་དག་ནི་ཤིང་རྟ་འཁོར་ལོར་བསྡད་དེ་གློག་འོད་ན་འགྲོ་བ་མཐོང
Byroསྐྱེས་པ་མང་པོ་ཞིག་གིས་དུག་སྦྲང་གཏོང་ས་ཁོ་ན་རུ
ཁྱེད་རང་གཏན་སྡོད་མ་བྱེད་པར་ཕྱིར་ལྡོག་ཅིག
ལམ་གྱི་གྲིབ་མ་དག་འགུལ་བཞིན་པའི་ཁྲོད
ཁྱེད་ཀྱིས་རང་གི་གྲིབ་མ་མ་འདོར་བར
མྱུར་བ་མྱུར་དུ་ཕྱིར་ལྡོག་རོགས
Byroཁྱེད་ཀྱི་དྲོད་འཇམ་གྱི་ལྭ་བ་དེའི་ཕྱེད་ནམ་མཁའ་དང
ཕྱེད་ས་གཞི་རུ་བཀབ་ཚེ
ཉེ་མི་ཀུན་ཀྱིས་ཁྱེད་ལ
མགོ་རས་དམར་པོ་ཞིག་དཀྲིས་ནས
སྙིང་ཉེ་བའི་སྐྱེས་སྐར་མང་པོ་ཞིག་རོལ་ཏུ་འཇུག་ངེས་ཀྱང
Byroཉི་འོད་ཀྱིས་མ་བསྲེགས་ཤིང
གྲང་རླུང་གིས་མ་འཁྱག་པའི་སྤྲང་ཀོག་དེ
ཆ་རྐྱེན་གང་ཡང་མེད་པར་ཁྱེད་ཀྱི་རྗེས་སུ་སླེབ་བཞིན་ཡོད་པས
ཁྱེད་ཀྱིས་ཁོ་ལ་མིག་འོད་ཚ་བོ་མ་སྟོན་རོགས
(Byro) བྷེ་རོ།
Byroད་ནིང་ཞོགས་པར
ཁྱེད་འདུག་ས་བྱེ་ཐང་དུ་གྱུར་འདུག
སྔས་འགྲམ་གྱི་མེ་ལོང་ལ་ཆག་གྲུམ་ཤོར་བས
ངའི་ངོ་གདོང་ལའང་ཆག་གྲུམ་ཤོར་འདུག
Byroད་ནིང་ཁྱེད་འགྲོ་ཁར
ཆུ་ཚོད་ཀྱི་མདེའུ་དག་བཀག་འདུག
ཆུ་ཚོད་ཀྱི་མིག་ཀོང་བུར་གྱུར་ནས
སའི་གོ་ལའང་མཐོང་གི་མི་འདུག
Byroམ་གཞི་ཁྱེད་འགྲོ་ཁར
གྲིབ་མ་ཤུལ་དུ་ལྷག་འདུག
གྲིབ་མའི་ཕྱེད་ཀ་ཞིག་ད་དུང་ལྷག་འདུག
Byroཁྱེད་ནང་ལོགས་ཀྱི་སྨན་ཁང་དེ་རུ་སོང་དུས
ཧ་ཅང་ཧང་གིས་སྐྱོ་བའི་དངན་པ་དེ
མེ་ཏོག་ཅིག་ཡིན་ཚེ
མེ་ཏོག་ནག་པོ་ཞིག་ཡིན་ངེས་པས
ཁ་དོག་གཞན་གྱིས་འགྲན་དཀའ་བ་ཞིག་རེད
Byroཁྱེད་ལ་དེ་འདྲའི་སྤམ་མདོག་ཆེ་འང
སེམས་པ་སྙི་མོ་སྙི་མོ་ཞིག་ཡིན་སྣང་འཁོར་བས
ཁྱེད་ལ་བླངས་པའི་གཞས་དེ་ཡང
དྭངས་ཤིང་གཙང་བའི་ཆུ་ཟིལ་ཞིག་ཏུ་གྱུར་འདུག
Byroསྐར་མ་གཅིག་རྗེས་སུ་འམ
ཟླ་བ་གཅིག་གི་རྗེས་སུ
ཡང་ན་ལོ་གཅིག་གི་རྗེས་སུ་ཡིན་ཀྱང་ཆོག
ངས་ཉི་འོད་གསེབ་ཀྱི་ཉི་འོད་བསྙེགས་ཤིང
གཙང་པོའི་ཀློང་གི་བྱེ་ཐང་བརྒལ་ནས་ཐོན་ཚེ
Byroཁྱེད་ཀྱི་འཆོར་ལྭ་དེ་སྡོང་མགོ་ཙམ་ལ་བཀལ་ཡོད་ནའང
ངས་ཁྱེད་རང་ཡིན་པར་བསམ་ཆོག
རྨི་ལམ་ཙམ་དུ་འཁོར་ནའང
ངས་ཁྱེད་རང་ཡིན་པར་བསྒོམ་ཆོག
སྤེན་སྐྱིད།
ཕུ་གྲོང་ཚོར་བགྲོད་པའི་ལམ་ཀྱག་ཀྱོག
ས་ཆ་དེ་ག་ནི
སྤེན་སྐྱིད་ཀྱི་མི་ཚེ་གང་བོ
ལྷིང་བོར་སྡོད་ས་དང་ཟིང་འཁོལ་ས་རེད
སྤེན་སྐྱིད་ཀྱི་ཚེ་མཇུག་ལ
ཕུ་གྲོང་ཚོའི་ཟླ་འོད་འོག་ཏུ
ངུ་ཏོག་ཙམ་ཤོར་ཀྱང
ཉ་གང་བའི་ཟླ་བ་དེ་ནི
རང་ཉིད་ཀྱི་ཚེ་གྲོགས་ལ་བརྩིས་ཤིང
སྤེན་སྐྱིད་ཀྱི་ངོ་གདོང་སྐྱོ་བོ་བྱུང་དུས
མིག་ཟུང་ནམ་མཁར་ཕྱོགས་ཡོད
ཕུ་གྲོང་ཚོའི་འདབས་ཀྱི་ལྗོན་པ་ཐར་ཐོར་དང
རྒྱབ་རིའི་དབུ་རྩེའི་གངས་དེ་ནི
སྤེན་སྐྱིད་ཀྱི་མིག་མདངས་ཟད་ས་ཡིན་པས
མིག་ཞག་ནམ་འཁོར་ལ
སྤེན་སྐྱིད་ཀྱིས
རང་བྱུང་ཁམས་ཀྱི་འབྱུང་བའི་ངོས་སུ
རི་མོ་སྣ་ཚོགས་པ་མཐོང་བ་དེ
རང་གི་ཁོག་པའི་གློ་བ་དང་རྒྱུ་མ་རེད་སྙམ
སེར་པོ།
སེར་པོ སྤུ་སུ་དོག་པོ་ཡིན་པའི་འཁོར་བ་ལ་བྱིངས་དུས
ས་ཆ་གང་དུ་རྡོག་ཐོན་བྱ་བསམས་ཀྱང
རང་གི་གྲིབ་མ་དང་ཆེས་འདྲ་བའི་རི་ཁུག་ཀུན་ཏུ
སེམས་ལ་གཡའ་འཁོལ་བའི་འདས་པ་དེ་དྲན་འོང་ཞིང
དྲན་པ་ཙམ་གྱིས་ག་ལ་ཚད
སེར་པོ་རང་ཉིད་ལུས་མྱོང་སའི་འདམ་གཞུང་དེ་དྲན་ནས
གཉན་ཆེན་ཐང་ལྷ་དང་དེའི་སྐུ་འཁོར་དག་གིས
ཕྱག་མཚན་མང་པོའི་སིང་སྒྲ་མཆེད་པ་ཐོས་པས
སེར་པོ་ནི་ས་དེ་གའི་རི་དྭགས་ཤིག་ཏུ་གྱུར
Mydwoལ་ཕུལ་བ།
སེར་པོ་ང་ཤི་བའི་སྐབས་སུ
དུས་ཚོད་གཅིག་དང་གཉིས་ཙམ་གྱི་རྗེས་ལ
ངའི་མདུན་ཅོག་སྟེང་གི
ཆུ་ཚོད་འཁོར་ལོ་དེ་དང
གྱང་ངོས་ཀྱི་མེ་ལོང་དེ་སྒེའུ་ཁུང་ལས་འདོར་རོགས
ངའི་ཤེལ་ཕོར་ནང་གི་ཇ་ཁུ་ལྷག་མ་དེ་དང
རྙིང་ཧྲུལ་དུ་སོང་བའི་ཟིན་ཐོ
ལྷམ་ཆ་གཅིག་དང་བཅས་པ
སྙིགས་སྣོད་དུ་གཡུག་རོགས
སེར་པོ་ང་ཤི་བའི་རྗེས་ལ
ལི་ཐོའི་ངོས་ཀྱི་ཟླ་ཚེས་དེ་གསུབ་རོགས
ད་དུང་ང་འདུག་ས་དེར་ཆག་ཆག་གདབ་རོགས
དྲན་པ།
མི་ཁྱིམ་ཞིག་ཏུ་འདུག་བཟོད་མེད་དུསKar
1938ཡན་གྱི་ནང་མ་ཁང་དེ་དྲན་འོས
ཆང་དྲི་མཆེད་པའི་ཟས་ཅོག
ལྐོག་ལྐོག་སུད་སུད་བྱེད་པའི་རས་པ
བྱང་ཐང་གི་སོག་གླུ་དང་འགྲོགས་པའི་སྒྲ་སྙན
ཕྱུ་བར་ལྷན་པ་བཏབ་པའི་སྤྲང་མོ་དག་ནི
སེང་གེ་གྲོང་ཚོའི་ཉི་ནུབ་ཀྱི་སྤྲིན་པ་རེད
སྤྲིན་པ་དེའི་རྒྱབ་ངོས་སུ
མིག་ལ་འཁོར་བའི་སེང་གེ་གྲོང་ཚོ་དེ
དུ་ཞགས་ཀྱིས་གཡོགས་པའི་གསེབ་ན
ཆང་སར་ཧུའུ་གང་གིས་བཟི་འདུག
སྐབས་དེ་དུསKar
བདག་གིས་འཇམ་ཐིང་ཐིང་གི་མཐོ་སྒང་རིག་མྱོང
བྱང་ཐང་།
ལྷ་སར་འགྲོ་བའི་ལམ་བར་གྱི་རྐང་པ
ཆེ་བ་ནས་ཆུང་ངུ་དང་ཆུང་ངུ་ནས་ཆེ་བར་བསྒྱུར་ཚེ
བྱང་ཐང་གི་སེམས་ཅན་དེ་ཚོ་སད་པ་འདྲ་སྟེ
རྡུལ་འཚུབ་འཚུབ་ཀྱིས་འབྲོ
ཁ་རས་བརྒྱབ་པའི་བཙུན་མ
གྲང་བས་ཅུང་ཟད་གཅུན་པའི་ཉམས་ཀྱིས
མིག་ཧྲིག་ཧྲིག་ངང
རང་གི་ཟོན་པ་ལ་ལྟ་ཙམ་བྱས་དེ
དངན་པ་རིང་པོ་ཞིག་ཐེན་སྐབས
རྟོག་པའི་ངོར
འདས་པ་མང་པོ་ཞིག་ཕྱི་རུ་འབོ་བའི་ལྷན
དྲན་པ་གསར་བ་རེ་ནང་དུ་སྡུད
སེམས་ཡན་ག་སར་འགྱུ་བའི་ཁྲོད
དམར་ཐག་ཆོད་པའི་ཉི་མས
བྱེས་སུ་གྱར་བའི་གནས་མོ་ཞིག་གི་མིག་འབྲས་བཞིན་ལྟ
སྐབས་དེར་ལྷིང་པོ་མེད་པའི་བྱེས་པ་ཁྱེད་རང
རང་གིས་འབུད་འདེད་གཏོང་ཐབས་མེད་པའི་གྲིབ་མ་དང་མཚུངས་པར
ནག་རོག་གེར་འགུལ་བའི་ཚུལ་དེས
འཁྱགས་པས་མནར་བའི་ཕོ་རོག་རྣམས་དངངས་པར་བྱས
གྲང་ཅང་ཅང་གི་ཆུ་མོ་དེ་དག་ཀྱང
ཞེད་པ་ལྟར་ཅ་ཅོ་མེད་པར་འབབ
ཉིན་དེ་གའི་རིང་ལ
ཚུགས་གང་དུ་བསླེབས་ཀྱང
1940ལོའི་སྔོན་གྱི་བྱང་ཐང་དེ་ཁྱེད་ཀྱི་སེམས་སུ་ལྕི་རུ་སོང་ཞིང
ཁྱོད་ཀྱི་པགས་རྩག་སྐྱ་ཧྲུལ་ལེ་བ་དེ་ཡང་དྲན་པར་ཤར་ནས
མིག་ལ་ཆུ་འཁོལ་བའི་ངང
ཁྱེད་རང་རྒས་ཐག་ཆོད་པའི་ཉི་འོད་ཀྱི་རྗེས་སུ་ཕྱོགས
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།