
དོ་ནུབ ཆར་བས་ཆར་བ་འདེད
རང་ཡུལ་བོར་བའི་མི་རྣམས་སུ་ཡིས་དེད
འུ་ཚོ་ལྷན་དུ་བསྡད་ཀྱང
སེམས་གཏིང་གི་སྡུག་བསྔལ་མ་ལུས་ཕན་ཚུན་ལ་གསང་བའི་ངང་མུན་ནག་གི་གཙང་བོར་བསྐུར
དོ་ནུབ ཆར་བས་སྲང་གི་གློག་འོད་གཤེར
ཁེར་རྐྱང་གི་མི་རྣམས་ས་ཕྱོགས་གང་དུ་འདུ
ལུས་པོ་ལྷན་དུ་སྦྱོར་ཡང
མི་སྐྱིད་པ་མཚོན་པའི་ཐ་སྙད་ཀྱི་ཕྲེང་བ་ཞིག་སུ་ལའང་མ་བསྒྲོན
སྙན་ངག་གི་ཆར་བ དོ་ནུབ་ང་ལ་བབས་བྱུང