འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་གྲགས་ཆེ་བའི་བང་སོ་དག

861



ཀླུ་ཚང་གུ་རུ་རྒྱལ་གྱིས་བསྒྱུར།


བང་སོ་ནི་འདས་པོའི་ཆེད་དུ་བཞེངས་པའི་ཁང་བ་དང་ཁང་མིག ཡང་ན་དུར་ཁུང་ཞིག་ཡིན། བང་སོ་བརྩེགས་པའི་རྩ་བའི་དམིགས་ཡུལ་ནི་གཤིན་པོའི་ཕུང་བོ་གཟབ་གཟབ་བྱས་ནས་ཉར་རྒྱུ་དང་། སྐྱེ་བ་ཕྱི་མར་མཁོ་བའི་གཤིན་རྫས་དུར་ཁང་དུ་གྲ་སྒྲིག་བྱེད་པའི་ཆེད་དུ་ཡིན། དེ་ནི་ཧ་ལམ་གདོད་མའི་དུས་སུ་མི་རྣམས་གྲོངས་པའི་ཚེ་ན་འདས་པོ་རང་གི་ཁྱིམ་དུ་སྦ་བའི་གོམས་སྲོལ་ལས་བྱུང་བ་ཞིག་རེད། མཐར་བང་སོ་རྣམས་དུར་ཁུང་དང་ཞུགས་འབུལ་(པུར་ཐལ་རྫ་བུམ་དུ་འཇོག་པ།)་གྱིས་ཚབ་བྱས་ཏེ་བང་སོ་བཞེངས་པའི་དར་སོ་དེ་རིག་རྩལ་བསྐྱར་དར་གྱི་སྐབས་སུ་ཧ་ལམ་མེད་པར་གྱུར་ཡོད། འཛམ་གླིང་ཐོག་གི་བང་སོ་གྲགས་ཆེ་ཤོས་དག་འོག་ཏུ་འགོད་པར་བྱའོ།།


1.  བང་སོའི་ལོ་རྒྱུས
2.   གཏོར་གཟུགས་བང་སོ་།
3.   དམ་པའི་བང་སོ་ལྷ་ཁང་།
4. མོ་ཧཱ་མཱ་ངྷའི་ཆོས་ཁང་། 
5.  མིང་རྒྱལ་རབས་ཀྱི་བང་སོ་བཅུ་གསུམ།
6.  ཏཱ་ཇི་མ་ཧལ།

1. History of Tombs
2. The Egyptian Pyramids
3. The Church of the Holy Sepulchre
4. The Prophet’s Mosque in Medina
5. The Thirteen Tombs of the Ming Dynasty
6. The Taj Mahal


བང་སོའི་ལོ་རྒྱུས།


དོན་དངོས་སུ་ཆེས་སྔ་བའི་བང་སོ་ནི་རོ་སྦ་སའི་ཁང་པ་ལ་ཟེར། ཡིག་ཐོག་ལོ་རྒྱུས་མ་བྱུང་བའི་གོང་གི་རིག་གཞུང་མང་པོའི་ཁྲོད། མི་རྣམས་ཀྱིས་འདས་པོ་དང་དེའི་རྒྱུན་སྤྱོད་ཡོ་བྱད་དང་མཉམ་དུ་རང་ཁྱིམ་ནས་སྦ་བ་ཡིན། སྐྱེ་བ་ཕྱི་མར་མཁོ་བའི་སྡོད་གནས་དང་མཁོ་ཆས་གྲ་སྒྲིག་བྱེད་ཀྱི་ཡོད། ཕྱིས་སུ་མི་རྣམས་ཀྱིས་རང་ཁྱིམ་གྱི་ཕྱི་ལོག་ནས་དུར་ཁུང་བྲུས་པའམ། དུར་ཁང་བརྩིགས་པའི་འགོ་བརྩམས་ཀྱང་། ཁོ་ཚོས་བརྩིགས་པའི་བང་སོ་སྔར་བཞིན་ཁང་པ་དང་འདྲ། རྡོ་ཆས་སྤྱོད་པའི་དུས་རབས་སུ། བང་སོའི་རྣམ་པ་ཡང་ཁང་པ་དང་འདྲ་སྟེ། གྱེན་དུ་བསླངས་པའི་རྡོ་ཆེན་གཉིས་ཀྱི་སྟེང་ཅུང་སྲབ་པའི་རྡོ་ལེབ་གཞན་ཞིག་འཕྲེད་ཀྱིས་བཞག་སྟེ་ཁང་པའི་ཀླད་ལྟ་བུར་བཀབ་ཡོད། དེ་ཚོའི་ནང་དུ་ལག་ཆ་དང་ཟས་རིགས། སྐྱེ་བ་ཕྱི་མར་མཁོ་ངེས་ཀྱི་སྒེར་ལ་བདག་པའི་དངོས་རིགས་ཀྱིས་ཁེངས་ཡོད། གནའ་བོའི་གྲིསི་དང་རོམ་གྱི་བང་སོའི་ནང་མུ་མཐུད་དུ་རྒྱུན་མཁོ་ཡོ་ཆས་སྒྲིག་བཤམས་ཀྱིས་དུར་འཇུག་བྱས་ཡོད་ཀྱང་། འདས་པོར་འགེབས་སྲུང་ཁང་དང་སྒེར་གྱི་མཁོ་ཆས་གྲ་སྒྲིག་བྱེད་པའི་དམིགས་ཡུལ་གྱི་ཁྱབ་ཁོངས་ལས་བརྒལ་ཏེ། འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པའི་མཐོང་ཚོར་དྲན་གསོ་ཞུས་ཡོད། གནའ་བོའི་ཨི་ཇིཔྚ་བའི་དྲན་གསོའི་བང་སོ་དེ་དག་གི་ཁྲོད་ནས་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་ནི་གཏོར་གཟུགས་བང་སོ་ཆེན་མོ་ཡིན། དུས་རབས་བར་མ་ནས་དུས་རབས་16་བར། ད་དུང་མུ་མཐུད་དུ་བང་སོ་བཞེངས་སྐྲུན་བྱེད་བཞིན་ཡོད་ཀྱང་། སྐབས་དེར་ཆོས་ཁང་རང་བང་སོ་བྱས་ཡོད། རིག་རྩལ་བསྐྱལ་དར་གྱི་དུས་སུ་ནུབ་ཕྱོགས་ནས་བང་སོ་བརྩིགས་པའི་དར་སྲོལ་ཕལ་ཆེར་མེད་པར་གྱུར་སོང་། དེའི་ཚབ་ཏུ་དྲན་གསོའི་རྡོ་རིང་འཛུགས་པ་དང་། ཞོར་དུ་གདུང་ཐལ་རྫ་བུམ་དུ་ཉར་པའི་དཔེ་སྲོལ་ཡང་ཡོད།


ཨི་ཇིཔྚའི་གཏོར་གཟུགས་བང་སོ།


(གྲཱིས་ཡི་ལོ་རྒྱུས་སྨྲ་བ་(Herodotus)་ཡི་ཞལ་སྔ་ནས་ཨི་ཇིཔྚའི་་གཏོར་གཟུགས་བང་སོ་བསྐྲུན་པར་བཟོ་མི་ཁྲི་10་དགོས་པར་གསུངས་མྱོང་ཡོད་མོད། དེང་རབས་གནའ་རྫས་རྟོག་ཞིབ་པ་ཚོས་ལས་མིའི་གྲངས་འབོར་དེ་ཁྲི་2་ལ་བསྐྱར་བཅོས་བྱས་ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི། གཏོར་གཟུགས་བང་སོ་བཟོ་སྐྲུན་བྱེད་པའི་བཟོ་པའི་གྲངས་འབོར་དང། ཏཱ་ཇི་མ་ཧལ་བཟོ་སྐྲུན་བྱས་པའི་མི་ཤུགས་གྲངས་འབོར་ཧ་ལམ་འདྲ་མཚུངས་རེད།)

གནའ་བོའི་ཨི་ཇིཔྚའི་རྗེས་དྲན་གཏོར་གཟུགས་བང་སོ་དེ་དག་ཧ་ལམ་འཛམ་གླིང་གི་ཆེས་མིང་གྲགས་ཆེ་བའི་བང་སོ་ཡིན་སྲིད། གཏོར་གཟུགས་བང་སོའི་འབྱུང་ཁུངས་ནི་(Mastaba)་ཞེས་པ་དེ་ཡིན་ལ། ཨ་རབ་སྐད་དུ་“རྐུབ་བཀྱག་རིང་པོ་”ཞེས་པའི་དོན་ཡིན། དེ་ནི་གནའ་བོའི་ཨི་ཇིཔྚའི་རྒྱལ་རབས་དང་པོའི་(ཕལ་ཆེར་སྤྱི་ལོ་མ་བྱུང་སྔོན་གྱི་ལོ2925་ནས་2775)་དུར་སའི་སྟེང་དུ་འདམ་དང་སོ་ཕག་གིས་གྲུ་བཞི་ནར་མོའི་དབྱིབས་བཀོད་ཅིག་བརྩིགས་པ་ཡིན། སྐས་རིམ་ཅན་གྱི་གཏོར་གཟུགས་བང་སོ་ནི་ཧྥ་རཱོ་རྒྱལ་རབས་གསུམ་པས་(Djoserསྤྱི་ལོ་མ་བྱུང་སྔོན་གྱི་ལོ་2650་ནས་2575)་བཞེངས་པ་དང་། ཐུན་མོང་མ་ཡིན་པའི་གཏོར་གཟུགས་བང་སོའི་དབྱིབས་གཟུགས་མངོན་ཞིང་རྡོ་ཡིས་བརྩིགས་པའི་(Mastaba)དུར་ཁང་ཐོག་མ་ཡིན། ཨི་ཇིཔྚའི་གཏོར་གཟུགས་བང་སོ་སྐད་གྲགས་ཆེ་ཤོས་ནི་རྒྱལ་རབས་བཞི་པའི་(ཕལ་ཆེར་སྤྱི་ལོ་མ་བྱུང་སྔོན་གྱི་ལོ 2575་ནས་2465)་བང་སོ་ཆེན་པོ་གསུམ་དེ་རེད། (Pharaohs Khufu)་ཧྥ་རཱོ་ཁུ་ཧྥུ་དང་ (Khafre)་ཁཱ་ཧྥ་རེ། (Menkaure)་མེན་ཁོ་རཱེ་ཞེས་པའི་རྗེས་དྲན་གཏོར་གཟུགས་བང་སོ་འདི་ཚོའི་ནང་། རྒྱལ་པོའི་ཁྱིམ་རྒྱུད་ཀྱི་སྐུ་པུར་དང་ཁོ་ཚོའི་འཇིག་རྟེན་གྱི་ནོར་རྫས་དུར་དུ་སྦས་ཏེ་བདག་སྐྱོང་དང་ལོངས་སུ་སྤྱོད་པར་ཡིད་ཆེས་བཟུང་ཡོད། གནའ་བོའི་ཨི་ཇིཔྚའི་རྒྱལ་རབས་བཞི་པའམ་ཧྥ་རཱོ་ཁྲི་ཐོག་གཉིས་པའི་རྒྱལ་པོ་(Khufu[1])་ཁུ་ཧྥུ་ལ་བཞེངས་པའི་གཏོར་གཟུགས་བང་སོ་ཆེན་མོ་ནི་འཛམ་གླིང་གི་ཆེས་ཆེ་བའི་གཏོར་གཟུགས་བང་སོ་ཡིན།

མཐོ་ཚད་ལ་སྐུམ་ཁྲུ་480་ ཡོད་པ་དེ་ནི་འཛམ་གླིང་གི་ངོ་མཚར་ཅན་བདུན་གྱི་ནང་གི་ཆེས་ཐོག་མ་དེ་ཡིན། ཚོད་དཔག་བྱས་པ་ལྟར་ན་བཟོ་པ་ཁྲི་2་ཙམ་གྱིས་ལོ་ངོ་ཉི་ཤུའི་རིང་ལ་བཞེངས་ཡོད། རྒྱལ་པོ་དང་བཙུན་མོའི་པུར་ཁང་གཏོར་གཟུགས་བང་བོ་ཆེན་མོ་དེའི་དབུས་སུ་གནས་ཡོད། དེའི་ཁྲོད་ན་ད་དུང་རྒྱལ་པོ་ཁུ་ཧྥུ་ཡི་རྗེས་དྲན་པུར་ཁང་གཉིས་ཡོད། གཏོར་གཟུགས་བང་སོ་དེ་གསུམ་པོ་དུས་རབས་ཁ་ཤས་རིང་འཕྲོག་བཅོམ་ལན་མང་བྱས་རུང་། འདྲ་གཟུགས་ཀྱི་ཡི་གེ་དང་ཤུལ་དུ་ལྷག་ཡོད་པའི་སྒྱུ་རྩལ་དངོས་རིགས་མང་པོ་སྟེ་དཔེར་ན། གཏོར་གཟུགས་བང་སོ་ཆེན་མོ་ནས་རྙེད་པའི་རིན་པོ་ཆེ་དང་། ཁྱིམ་ཆས་ལྟ་བུ། དེ་དག་གིས་གནའ་རྫས་རྟོག་ཞིབ་པར་གནའ་བོའི་ཨིཇཔྚའི་དུར་སྦས་དང་ཆོས་ལུགས་གོམས་སྲོལ། དེ་མིན་ཁོ་ཚོའི་ནམ་རྒྱུན་གྱི་འཚོ་བའི་སྐོར་ལ་རྒྱུས་ལོན་བྱེད་པར་རམ་འདེགས་བྱས་ཡོད། 


དམ་པའི་བང་སོ་ལྷ་ཁང་།


ཇེ་རུ་སི་ལེམ་གྱི་མཁར་རྙིང་བསྟི་གནས་བྱས་ཡོད་པའི་དམ་པའི་བང་སོ་ལྷ་ཁང་དེ་སྟོན་པ་ཡི་ཤུ་མ་ཤི་ཀ་དུར་དུ་སྦས་པའི་གནས་ཡིན་པར་བརྩི། སྔར་ཡོད་དུར་གྱི་སྟེང་དུ་ལྷ་ཁང་ཞིག་བཞེངས་པ་དེ་ནི་རི་ལྡེབས་ཤིག་བརྐོས་ནས་བཞེངས་པའི་དུར་སའི་རིགས་ཀྱི་བང་སོ་ཞིག་རེད། ལྷ་ཁང་འདི་ད་དུང་ཡེ་ཤུ་མ་ཤི་ཀ་རྒྱངས་ཤིང་དུ་བཀལ་ནས་བཀྲོངས་པའི་ཡུལ་དང་། ཡེ་ཤུའི་དད་ལྡན་པ་རྣམས་ཀྱིས་སླར་ཡང་བྱོན་པར་སྨོན་ལམ་བཏབ་པའི་གནས་ཡིན་པར་བཤད། སྤྱི་ལོ་306་ལོར་ཡེ་ཤུའི་ཆོས་ལུགས་པ་གོང་མ་(ཁན་སི་ཊན་ཊེConstantine-274-337ཡེ་ཤུའི་ཆོས་ལུགས་ལ་ཞུགས་པའི་རོམ་གོང་མ་ཐོག་མ་དང་། 324ལོར་ཡེ་ཤུའི་ཆོས་ལུགས་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གཏན་འཁེལ་བྱས། 330་ལོར་རྒྱལ་ས་རོམ་ནས་Byzantiumབྷད་ཛན་ཊེམ་ལ་སྤར།)་དང་པོས་དབང་ཆ་བཟུང་རྗེས། ཡེ་ཤུ་ཆོས་ལུགས་ཀྱི་བང་སོའི་ཐོག་བཙུགས་པའི་ཆོས་ལུགས་གཞན་གྱི་ལྷ་ཁང་རྣམས་བཤིག་དགོས་པའི་བཀའ་བསྩལ་། ཁན་སི་ཊན་ཊེ་ཡི་བཟོ་སྐྲུན་པ་རྣམས་ཀྱིས་སྔར་བྲག་རྡོས་བཞེངས་སྐྲུན་བྱས་ཡོད་པའི་ཡེ་ཤུའི་བང་སོ་དེ་བསྔོགས་འདོན་གྱིས་གདུང་ཁང་ཆུང་ཆུང་ཞིག་གི་ནང་དུ་བསྣུར།  ཕྱིས་སུ་བང་སོ་དེའི་མཐའ་འཁོར་ནས་དམ་པའི་སང་བོ་ལྷ་ཁང་གསར་བཞེངས་བྱས་པ་ཞིག་རེད། ལྷ་ཁང་འདི་ནི་ཕྱི་ལོ་336ལོར་ལེགས་པར་གྲུབ། ལོ་མང་རིང་ཆག་འཇིག་ཉམས་ང་བྱུང་ནས་ཐེངས་མང་བསྐྱར་གསོ་གནང་ཡོད། ཕྱི་ལོ་614་ལོར་པར་ཤི་ཡ་བས་མེར་བསྲེགས་བཏང་། ཕྱི་ལོ་630་ལོར་(Heraclius)་ཧེ་རཱ་ཁི་ལེ་སིའི་གོང་མས་བསྐྱར་གསོ་བྱས། ཧ་ལམ་ཕྱི་ལོ1009་ཙམ་ལ་ཨིཇིཔྚ་བ་རྣམས་ཀྱིས་རྩ་མེད་དུ་བཏང་། དེ་ནས་སླར་ཡང་ཉམས་གསོ་གནང་། ཉམས་གསོ་རབ་དང་རིམ་པར་བྱས་པ་བརྒྱུད། ཡེ་ཤུའི་ཆོས་ལུགས་ཀྱི་སྡེ་ཁག་སྣ་ཚོགས་པའི་ཤུགས་རྐྱེན་གྱིས། དེ་རིང་གི་དམ་པའི་བང་སོའི་སྒྱུ་རྩལ་བཟོ་བཀོད་ནི་མཛེས་དཔྱོད་ཀྱི་ཁྱད་ཆོས་མཉམ་བསྲེས་བྱས་པ་ཞིག་རེད། དེར་བརྟེན། ཇེ་རུ་ས་ལིམ་ལ་དབང་བསྒྱུར་བའི་སྐབས་ཀྱི་བཙན་རྒྱལ་བ་ཨོ་ཊོ་མན་གྱིས་ཕྱི་ལོ 1852 ལོར་བཀོད་བསྒྲིགས་བྱས་པ་ལྟར། ཡེ་ཤུ་ཆོས་ལུགས་པའི་སྡེ་ཁག་དྲུག་གིས་ལྷ་ཁང་དེར་དོ་དམ་བྱས་ཡོད་ལ། སྡེ་ཁུལ་ཚང་མར་ས་ཁོངས་དེའི་ཁྲོད་ན་རང་ཉིད་ཀྱིས་གཏན་འཁེལ་བའི་མཆོད་ཁང་རེ་ཡོད། ད་བར་དུ་སྲོལ་རྒྱུན་འདི་རྒྱུན་བསྲིངས་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་ཚོགས་པ་གཙོ་བོ་གསུམ་ནི་གྲཱིས་དངོས་རྒྱུད་ཆོས་ལུགས་ཤར་མ་དང་རོམ་གནམ་བདག་ཆོས་ལུགས། ཨར་མེ་ནི་ཡའི་དངོས་རྒྱུད་ཆོས་ལུགས་ཤར་མ་བཅས་སོ། །

མོ་ཧཱ་མཱ་ངྷའི་ཆོས་ཁང་།

བཀའི་ཕོ་ཉའི་ཆོས་ཁང་ནི་(Saudi Arabia)སོོ་ངྷི་ཨ་ར་བི་ཡཱའི་མེ་ཌི་ནཱར་རྟེན་གཞི་བྱས་ཡོད་ལ། ཁ་ཆེ་ཆོས་ལུགས་ཀྱི་བཀའི་ཕོ་ཉ་མོ་ཧཱ་མཱ་ངྷ་ཡི་བང་སོ་ཡང་་དེར་བཏབ་ཡོད། ཁ་ཆེ་ཆོས་ལུགས་ཀྱི་གནས་མཆོག་རྩ་ཆེ་ཤོས་གཉིས་པ་ཡིན་པར་འདོད།  གནས་མཆོག་རྩ་ཆེ་ཤོས་དང་པོ་ནི་མེ་ཁཱ་རུ་གནས་པའི་ཀཱ་བཱའི་ཁ་ཆེ་ཆོས་ཁང་དེ་ཡིན་ཞིང་། འཛམ་གླིང་གི་ཁ་ཆེ་ཆོས་ལུགས་པ་ཡོངས་ཀྱིས་གནས་མཆོག་དེ་ལ་ཁ་འཁོར་ནས་གསོལ་བ་འདེབས། ཐོག་མའི་ཁ་ཆོས་ཆོས་ལུགས་ཀྱི་ཆོས་ཁང་དེ་མོ་ཧཱ་མཱ་ངྷ་ཁོང་རང་ཉིད་ཀྱིས་ཁྱིམ་གྱི་ཉེ་འཁྲེས་ནས་འཛུགས་སྐྲུན་བྱས་པ་ཞིག་རེད། དེར་ཆོས་འཆད་སའི་སྟེགས་བུ་ཞིག་བཞེངས་པ་དང་། དེ་ནས་དད་ལྡན་པ་རྣམས་ལ་སྨོན་ལམ་གསོལ་འདེབས་ཞུ་སྟངས་དང་སྨྱུང་གནས་འདུག་སྟངས། གནས་སྐོར་ལ་འགྲོ་དགོས་པ་སོགས་ཆོས་ཀྱི་སྤྱོད་ལམ་མང་པོ་གསུང་། མོ་ཧཱ་མཱ་ངྷ་སྤྱི་ལོ 632 ལོར་སྐུ་གཤེགས་ཏེ་གནས་དེ་རང་ནས་བང་སོ་བཏབ། ཕྱིས་སུ་དབང་བསྒྱུར་བ་རྣམས་ཀྱིས་ཁ་ཆེ་ཆོས་ཁང་དེ་རྒྱ་བསྐྱེད་དང་བསྒྱུར་བཅོས་མང་པོ་བཏང་ཡོད། 1818་ལོར་(Mahmut II 1785-183. ) ཨོ་ཊོ་མན་བཙན་རྒྱལ་རྒྱལ་རབས་སུམ་ཅུ་པ་སྟེ་མཱ་ཧཱ་མོ་ད་ཁྲི་ཐོག་གཉིས་པས། བཀའི་ཕོ་ཉའི་བང་སོའི་སྒང་ལ་ཟླ་གམ་གྱི་རྒྱ་ཕིབས་བཞེངས་ཏེ་ལྗང་མདོག་གིས་བྱུགས། ཁ་དོག་འདི་ནི་ཁ་ཆོས་ཆོས་ལུགས་ཀྱི་མཚོན་རྟགས་སུ་གྱུར་ཡོད།

 

མིང་རྒྱལ་རབས་ཀྱི་བང་སོ་བཅུ་གསུམ།

ཡོ་རོབ་ཀྱི་བང་སོ་བརྩིགས་པའི་དར་སྲོལ་རིམ་གྱིས་ཧ་ལམ་མེད་པར་གྱུར་བ་དང་ཆབས་ཅིག མིང་རྒྱལ་རབས་སྐབས་སུ་ཀྲུང་གོ་ནས་ཁྱད་དུ་འཕགས་པའི་བང་སོ་རབ་དང་རིམ་པ་འཛུགས་སྐྲུན་བྱས་པ་རེད།  མིང་རྒྱལ་རབས་(1368-1644)་ཀྱི་དུས་འགོར། ཀྲུང་གོའི་རྒྱལ་ས་ནན་ཅན་ཡིན་མོད། གོང་མ་ཁྲི་ཐོག་གཉིས་པས་1421ལོར་རྒྱལ་ས་ནན་ཅན་ནས་པེ་ཅིན་དུ་སྤོས། པེ་ཅིན་གྲོང་ཁྱེར་བྱང་ཕྱོགས་ཀྱི་ལེ་དབར་30 མཚམས་ཀྱི་ས་ཆ་ཞིག་བདམས་ནས་རང་གི་བང་སོ་འཛུགས་སྐྲུན་བྱས། མིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཅུ་བདུན་གྱི་ཁྲོད་ནས། གོང་མ་ཁྲི་ཐོག་བཅུ་གསུམ་དང་བཙུན་མོ་ཆེན་ཆུན་ཉེར་གསུམ། ད་དུང་རྒྱལ་སྲས་དང་ཀོང་ཇོ་ཁ་ཤས་བཅས་ལྷན་དུ་ལུང་གཤོངས་དེར་དུར་བཏབ་ཡོད་ལ། བང་སོ་བཅུ་གསུམ་དེ་ཕྱི་ལོ་1409་ནས་1644་ལོའི་བར་གྱི་ལོ་ངོ་ཉིས་བརྒྱའི་རིང་ལ་བརྩིགས་ཤིང་། ཆེས་ཐོག་མའི་བང་སོ་གཅིག་པུ་བརྩེགས་པར་ལོ་ངོ་18་ཀྱི་དུས་ཚོད་སྤྱད་པ་རེད། བང་སོ་བཅུ་གསུམ་ནི་གནས་ཆེན་པོ་ཞིག་ན་ཆགས་ཡོད་ལ་ནང་དུ་འཛུལ་པའི་ལམ་ཐག་ཧ་ཅང་རིང་། “བང་སོ་བཅུ་གསུམ་གྱི་ལྷ་ལམ་”(神道)ཞེས་པའི་བགྲོད་ལམ་གྱི་གཡས་གཡོན་ན་སྲུང་དམག་དང་སྲོག་ཆགས་ཀྱི་འཇིམ་བརྙན་ཧ་ཅང་ཆེན་པོ་གྲལ་བསྟར་ཡོད། དེའི་ཁྲོད་ན་དངོས་ཡོད་ཡོད་ལ་ལྷ་སྒྲུང་ཡང་ཡོད། བང་སོ་(明定陵[2])་ཞེས་པ་ནི་སྐད་གྲགས་ཆེ་ཤོས་ཀྱི་བང་སོ་ཞིག་ཡིན་ལ་ས་འོག་ནས་ཐོན་དངོས་མང་ཤོས་ཀྱི་བང་སོ་ཞིག་ཀྱང་ཡིན། འདིར་དུར་ཁང་ཡང་འདུས་པའི་ས་འོག་གི་ཁང་པ་གསུམ་ཡོད་ལ། དེ་བཞིན་རིག་དངོས་སྟོང་ཕྲག་མང་པོ་དཔེར་ན་དར་གོས་དང་། རིན་པོ་ཆེའི་རྒྱན་གོས། སྣོད་ཆས་སོགས་མང་པོ་དེ་གར་ཐོན་ཡོད། མིང་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ཆེས་འགལ་ཆེ་བའི་དུས་རབས་ཀྱི་གྲས་དང་། སྲིད་གཞུང་ཧ་ཅང་དར་རྒྱས་ཆེ་བ་དང་འབྱོར་ཕྱུག་ལྡན་པའི་དུས་ཚོད་ཅིག་ཡིན་པར་ཡོངས་ཁྱབ་ནས་ངེས་འཛིན་གནང་། མིང་རྒྱལ་རབས་གྱི་གོང་མས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པའི་སྲིད་འཛིན་སྒྲིག་སྲོལ་དང་དམག་དཔུང་བཙུགས་ཤིང་།  པེ་ཅིན་གྱི་ལྟེ་གནས་སུ་གནས་པའི་བརྗིད་ཉམས་ལྡན་པའི་ཕོ་བྲང་སྟེ། ཙི་ཅིན་མཁར་(紫紧城) ་གྱི་འཛུགས་སྐྲུན་གཙོ་བོར་ལྟ་སྐུལ་བྱས། མིང་རྒྱལ་རབས་ཀྱི་གོང་མ་རྣམས་ཀྱི་ལག་རྗེས་དྲན་རྟེན་དངོས་པོ་ཞིག་ཡིན་པས་ཆ་ནས། བང་སོ་བཅུ་གསུམ་གྱིས་ད་དུང་རྒྱུན་མཐུད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་ལ། ཡུལ་སྐོར་བ་མང་པོ་དངོས་སུ་དུར་ཁྲོད་དུ་སོང་ནས། ཉེ་འགྲམ་གྱི་མིང་རྒྱལ་རབས་ཀྱི་བཟོ་སྐྲུན་ཁྱད་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཏུ་ཁོ་ཚོའི་རིག་དངོས་ལ་ལྟ་བཞིན་ཡོད།


ཏཱ་ཇི་མ་ཧལ།

རྒྱ་གར་གྱི་ཆེས་སྐད་གྲགས་ཆེ་བའི་འཛུགས་སྐྲུན་བཟོ་བཀོད་དེ་ཡང་བང་སོ་ཞིག་ཡིན། 1638་ལོར་པར་ཤི་ཡ་དང་རྒྱ་གར་གྱི་བཟོ་བཀོད་སྒྱུ་རྩལ་གྱི་རྣམ་པ་མཉམ་བསྲེས་ཀྱིས་མུ་གྷལ་གྱི་ལུགས་ལྟར་བཟོ་པ་ཁྲི་2་ཙམ་གྱིས་བཞེངས་པ་ཞིག་རེད། དེ་རིང་གི་རྒྱལ་ས་ལྡི་ལི་གསར་པ་དང་སྤྱི་ལེ་ཉིས་བརྒྱ་ལྷག་ཡོད་པའི་བྱང་ཕྱོགས་གྲོང་ཁྱེར་ཨཱག་ར་(Agra)་རུ་གནས་ཡོད་ལ། སྐབས་དེར་མུ་གྷལ་བཙན་རྒྱལ་གྱི་རྒྱལ་ས་རེད། ཏཱ་ཇི་མ་ཧལ་ནི། པུར་ཁང་གཅིག་དང་གཞུང་ལམ་ཆེན་པོ་གཅིག མེ་ཏོག་ལྡུམ་ར་ཞིག ཁ་ཆེ་ཆོས་ཁང་གཅིག (Jawab)་ཞེས་པའི་ཁ་ཆོས་ཆོས་ཁང་གི་སྣང་བརྙན་མཚོན་པའི་ཁང་བཟང་ཞིག་དང་བཅས་སྣ་ཚོགས་ཀྱི་གྲུབ་པ་ཞིག་ཡིན། རྡོ་ཀ་མ་རུའི་པུར་ཁང་དང་རྨད་དུ་མཛེས་པའི་ལྡུམ་ར། ཁ་ཆོས་ཆོས་ལུགས་ཀྱི་རྒྱ་ཕིབས་ཟླ་གམ་མ་དང་ལྕོག་མཁར།


དེའི་ཆ་སྙོམ་པའི་མཛེས་ཆ་དང་འཐུས་སྒོ་ཚང་བའི་རྒྱན་སྤྲོས་ཀྱི་ཞིབ་ཕྲའི་ཐོག་ནས་ཡོངས་སུ་གྲགས། དེ་དག་གི་མཛེས་སྡུག་ལྡན་པའི་ཇུས་འགོད་དང་རྒྱབ་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེ་བཞིན་དུ་འཛམ་གླིང་ལ་སྐད་གྲགས་ཆོད་ཡོད། མུ་གྷལ་གྱི་གོང་མ་ཤཱཧ་ཇ་ཧཱན་གྱིས་སྙིང་ནས་བརྩེ་བའི་བཙུན་མོ་མུམ་ཏཱ་ཇི་མ་ཧལ་གྱི་ཆེད་དུ་བཞེངས་པའི་བང་སོ་ཏཱ་ཇི་མ་ཧལ་ནི་བརྗིད་ཉམས་ལྡན་པའི་རྟག་བརྟན་གྱི་བང་སོ་ཞིག་ཏུ་གྱུར། གོང་མའི་མདུན་གྱི་ལོ་རྒྱུས་རིག་པ་བས། དབང་བསྒྱུར་བ་དང་མ་ཧལ་བར་གྱི་འབྲེལ་བ་བྲིས་ནས་བཤད་པ་ཡོད་པ་དེ་སྐབས་དེའི་སྤྱིར་བཏང་དང་མི་འདྲ་ཞིག་ཡོད་རེད། རྒྱལ་པོ་དང་བཙུན་མོའི་བར་དུ་གཏིང་ཟབ་ཅིང་སྤྲོ་སེམས་ཀྱིས་ཁེངས་པའི་བརྩེ་དུང་དང་མཛའ་བརྩེ་བརྗོད་ཡོད། ལོ་རྒྱུས་རིག་པ་བས་མ་ཧལ་ནི་རྒྱལ་པོའི་ཆེས་མཛའ་བརྩེ་ལྡན་པའི་གྲོགས་པ་དང་ཟླ་བོ་ཡིན། ཁོ་ཚོའི་ཐུན་མོང་མ་ཡིན་པའི་ལུས་སེམས་བར་གྱི་འཆམ་མཐུན་ཡང་ཞིབ་བརྗོད་བྱས་ཡོད། བཙུན་མོས་སྐུ་སྲས་བཅུ་བཞི་པ་བཙས་རྗེས་ཚེ་མ་ཟིན་པར་འདས། གོང་མ་ཤཱཧ་ཇ་ཧཱན་གྱིས་བང་སོ་བཞེངས་ནས་ཁོའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་གཏན་གྲོགས་ལ་དྲན་གསོ་བྱས། ཁོང་གི་བཙུན་མོ་གཤེགས་ནས་མི་ལོ་35་རིང་ལ་ཤུལ་དུ་བཞུགས་ཏེ། མུ་མཐུད་ཕྱི་ལོ་1658་ལོའི་བར་དུ་མུ་གལ་གོང་མའི་དབང་ཆ་བཟུང་ནས་བསྡད། དེ་ནས་རང་གི་རྒྱལ་སྲས་ཀྱིས་ཡབ་རྒྱལ་བོ་ཤཱཧ་ཇ་ཧཱན་དེ་ཉིད་ཁྲི་ལས་ཕབས་ཏེ། ཏཱ་ཇི་མ་ཧལ་གྱི་ཁ་གཏད་ཀྱི་ཨཱག་རའི་བཙན་རྫོང་ནང་བཙོན་འཇུག་བྱས། ཏཱ་ཇི་མ་ཧལ་ནི་གོང་མས་བཙུན་མོར་བཅངས་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་དང་། བརྩེ་དུང་གི་ཞལ་ཆེམས་མཚོན་པའི་རྨད་བྱུང་གི་བང་སོ་ཞིག་ཡིན་པས། བརྒྱ་ཕྲག་དུ་མའི་རིང་ལ་ཏཱ་ཇི་མ་ཧལ་གྱིས་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་ལྟད་མོ་བ་སྟོང་ཕྲག་མང་པོ་འདུས་ཡོད།


28.11.2020 ཉིན་ཧྥ་རིན་སི་ནས་གྲུབ།

[1]ཁུའུ་ཧྥུ་ནི་གནའ་བོའི་ཨི་ཇིཔྚའི་རྒྱལ་པོ་ཞིག་ཡིན། རྒྱལ་རབས་བཞི་པའི་ཧྥ་རཱོ་ཁྲི་ཐོག་གཉིས་པ་ཡིན། ་

[2]ལོ་500 ལྷག་ཙམ་རིང་གི་ཀྲུང་གོའི་ཆབ་སྲིད་དང་རྗེས་དྲན་མཛད་སྒོའི་ལྟེ་གནས་ཤིག་རེད། 1420ལོར་བཞེངས་གྲུབ་རྗེས། གོང་མའི་ཕོ་བྲང་འདི་ནི་མིང་(1368-1644)དང་ཆིང་(1644-1911)་གཉིས་རྒྱལ་རབས་24་དང་ཁོ་ཚོའི་ཁྱིམ་མི་དང་གཡོག་པོ་བཅས་ཀྱི་གཞིས་ཀ་རེད།
GEOLOGY FOR BEGINNERS REPORT
འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་གྲགས་ཆེ་བའི་བང་སོ་དག

                                       • BY HISTORY.COM EDITORS
                                                    ~ ཀླུ་ཚང་གུ་རུ་རྒྱལ་གྱིས་བསྒྱུར།

བང་སོ་ནི་འདས་པོའི་ཆེད་དུ་བཞེངས་པའི་ཁང་བ་དང་ཁང་མིག ཡང་ན་དུར་ཁུང་ཞིག་ཡིན། བང་སོ་བརྩེགས་པའི་རྩ་བའི་དམིགས་ཡུལ་ནི་གཤིན་པོའི་ཕུང་བོ་གཟབ་གཟབ་བྱས་ནས་ཉར་རྒྱུ་དང་། སྐྱེ་བ་ཕྱི་མར་མཁོ་བའི་གཤིན་རྫས་དུར་ཁང་དུ་གྲ་སྒྲིག་བྱེད་པའི་ཆེད་དུ་ཡིན། དེ་ནི་ཧ་ལམ་གདོད་མའི་དུས་སུ་མི་རྣམས་གྲོངས་པའི་ཚེ་ན་འདས་པོ་རང་གི་ཁྱིམ་དུ་སྦ་བའི་གོམས་སྲོལ་ལས་བྱུང་བ་ཞིག་རེད། མཐར་བང་སོ་རྣམས་དུར་ཁུང་དང་ཞུགས་འབུལ་(པུར་ཐལ་རྫ་བུམ་དུ་འཇོག་པ།)་གྱིས་ཚབ་བྱས་ཏེ་བང་སོ་བཞེངས་པའི་དར་སོ་དེ་རིག་རྩལ་བསྐྱར་དར་གྱི་སྐབས་སུ་ཧ་ལམ་མེད་པར་གྱུར་ཡོད། འཛམ་གླིང་ཐོག་གི་བང་སོ་གྲགས་ཆེ་ཤོས་དག་འོག་ཏུ་འགོད་པར་བྱའོ།
1.  བང་སོའི་ལོ་རྒྱུས
2.   གཏོར་གཟུགས་བང་སོ་།
3.   དམ་པའི་བང་སོ་ལྷ་ཁང་།
4. མོ་ཧཱ་མཱ་ངྷའི་ཆོས་ཁང་། 
5.  མིང་རྒྱལ་རབས་ཀྱི་བང་སོ་བཅུ་གསུམ།
6.  ཏཱ་ཇི་མ་ཧལ།

1. History of Tombs
2. The Egyptian Pyramids
3. The Church of the Holy Sepulchre
4. The Prophet’s Mosque in Medina
5. The Thirteen Tombs of the Ming Dynasty
6. The Taj Mahal

བང་སོའི་ལོ་རྒྱུས།
དོན་དངོས་སུ་ཆེས་སྔ་བའི་བང་སོ་ནི་རོ་སྦ་སའི་ཁང་པ་ལ་ཟེར། ཡིག་ཐོག་ལོ་རྒྱུས་མ་བྱུང་བའི་གོང་གི་རིག་གཞུང་མང་པོའི་ཁྲོད། མི་རྣམས་ཀྱིས་འདས་པོ་དང་དེའི་རྒྱུན་སྤྱོད་ཡོ་བྱད་དང་མཉམ་དུ་རང་ཁྱིམ་ནས་སྦ་བ་ཡིན། སྐྱེ་བ་ཕྱི་མར་མཁོ་བའི་སྡོད་གནས་དང་མཁོ་ཆས་གྲ་སྒྲིག་བྱེད་ཀྱི་ཡོད། ཕྱིས་སུ་མི་རྣམས་ཀྱིས་རང་ཁྱིམ་གྱི་ཕྱི་ལོག་ནས་དུར་ཁུང་བྲུས་པའམ། དུར་ཁང་བརྩིགས་པའི་འགོ་བརྩམས་ཀྱང་། ཁོ་ཚོས་བརྩིགས་པའི་བང་སོ་སྔར་བཞིན་ཁང་པ་དང་འདྲ། རྡོ་ཆས་སྤྱོད་པའི་དུས་རབས་སུ། བང་སོའི་རྣམ་པ་ཡང་ཁང་པ་དང་འདྲ་སྟེ། གྱེན་དུ་བསླངས་པའི་རྡོ་ཆེན་གཉིས་ཀྱི་སྟེང་ཅུང་སྲབ་པའི་རྡོ་ལེབ་གཞན་ཞིག་འཕྲེད་ཀྱིས་བཞག་སྟེ་ཁང་པའི་ཀླད་ལྟ་བུར་བཀབ་ཡོད། དེ་ཚོའི་ནང་དུ་ལག་ཆ་དང་ཟས་རིགས། སྐྱེ་བ་ཕྱི་མར་མཁོ་ངེས་ཀྱི་སྒེར་ལ་བདག་པའི་དངོས་རིགས་ཀྱིས་ཁེངས་ཡོད། གནའ་བོའི་གྲིསི་དང་རོམ་གྱི་བང་སོའི་ནང་མུ་མཐུད་དུ་རྒྱུན་མཁོ་ཡོ་ཆས་སྒྲིག་བཤམས་ཀྱིས་དུར་འཇུག་བྱས་ཡོད་ཀྱང་། འདས་པོར་འགེབས་སྲུང་ཁང་དང་སྒེར་གྱི་མཁོ་ཆས་གྲ་སྒྲིག་བྱེད་པའི་དམིགས་ཡུལ་གྱི་ཁྱབ་ཁོངས་ལས་བརྒལ་ཏེ། འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པའི་མཐོང་ཚོར་དྲན་གསོ་ཞུས་ཡོད། གནའ་བོའི་ཨི་ཇིཔྚ་བའི་དྲན་གསོའི་བང་སོ་དེ་དག་གི་ཁྲོད་ནས་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་ནི་གཏོར་གཟུགས་བང་སོ་ཆེན་མོ་ཡིན། དུས་རབས་བར་མ་ནས་དུས་རབས་16་བར། ད་དུང་མུ་མཐུད་དུ་བང་སོ་བཞེངས་སྐྲུན་བྱེད་བཞིན་ཡོད་ཀྱང་། སྐབས་དེར་ཆོས་ཁང་རང་བང་སོ་བྱས་ཡོད། རིག་རྩལ་བསྐྱལ་དར་གྱི་དུས་སུ་ནུབ་ཕྱོགས་ནས་བང་སོ་བརྩིགས་པའི་དར་སྲོལ་ཕལ་ཆེར་མེད་པར་གྱུར་སོང་། དེའི་ཚབ་ཏུ་དྲན་གསོའི་རྡོ་རིང་འཛུགས་པ་དང་། ཞོར་དུ་གདུང་ཐལ་རྫ་བུམ་དུ་ཉར་པའི་དཔེ་སྲོལ་ཡང་ཡོད།

ཨི་ཇིཔྚའི་གཏོར་གཟུགས་བང་སོ།

(གྲཱིས་ཡི་ལོ་རྒྱུས་སྨྲ་བ་(Herodotus)་ཡི་ཞལ་སྔ་ནས་ཨི་ཇིཔྚའི་་གཏོར་གཟུགས་བང་སོ་བསྐྲུན་པར་བཟོ་མི་ཁྲི་10་དགོས་པར་གསུངས་མྱོང་ཡོད་མོད། དེང་རབས་གནའ་རྫས་རྟོག་ཞིབ་པ་ཚོས་ལས་མིའི་གྲངས་འབོར་དེ་ཁྲི་2་ལ་བསྐྱར་བཅོས་བྱས་ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི། གཏོར་གཟུགས་བང་སོ་བཟོ་སྐྲུན་བྱེད་པའི་བཟོ་པའི་གྲངས་འབོར་དང། ཏཱ་ཇི་མ་ཧལ་བཟོ་སྐྲུན་བྱས་པའི་མི་ཤུགས་གྲངས་འབོར་ཧ་ལམ་འདྲ་མཚུངས་རེད།)

གནའ་བོའི་ཨི་ཇིཔྚའི་རྗེས་དྲན་གཏོར་གཟུགས་བང་སོ་དེ་དག་ཧ་ལམ་འཛམ་གླིང་གི་ཆེས་མིང་གྲགས་ཆེ་བའི་བང་སོ་ཡིན་སྲིད། གཏོར་གཟུགས་བང་སོའི་འབྱུང་ཁུངས་ནི་(Mastaba)་ཞེས་པ་དེ་ཡིན་ལ། ཨ་རབ་སྐད་དུ་“རྐུབ་བཀྱག་རིང་པོ་”ཞེས་པའི་དོན་ཡིན། དེ་ནི་གནའ་བོའི་ཨི་ཇིཔྚའི་རྒྱལ་རབས་དང་པོའི་(ཕལ་ཆེར་སྤྱི་ལོ་མ་བྱུང་སྔོན་གྱི་ལོ

2925་ནས་2775)་དུར་སའི་སྟེང་དུ་འདམ་དང་སོ་ཕག་གིས་གྲུ་བཞི་ནར་མོའི་དབྱིབས་བཀོད་ཅིག་བརྩིགས་པ་ཡིན། སྐས་རིམ་ཅན་གྱི་གཏོར་གཟུགས་བང་སོ་ནི་ཧྥ་རཱོ་རྒྱལ་རབས་གསུམ་པས་(Djoserསྤྱི་ལོ་མ་བྱུང་སྔོན་གྱི་ལོ་2650་ནས་2575)་བཞེངས་པ་དང་། ཐུན་མོང་མ་ཡིན་པའི་གཏོར་གཟུགས་བང་སོའི་དབྱིབས་གཟུགས་མངོན་ཞིང་རྡོ་ཡིས་བརྩིགས་པའི་(Mastaba)དུར་ཁང་ཐོག་མ་ཡིན། ཨི་ཇིཔྚའི་གཏོར་གཟུགས་བང་སོ་སྐད་གྲགས་ཆེ་ཤོས་ནི་རྒྱལ་རབས་བཞི་པའི་(ཕལ་ཆེར་སྤྱི་ལོ་མ་བྱུང་སྔོན་གྱི་ལོ 2575་ནས་2465)་བང་སོ་ཆེན་པོ་གསུམ་དེ་རེད། (Pharaohs Khufu)་ཧྥ་རཱོ་ཁུ་ཧྥུ་དང་ (Khafre)་ཁཱ་ཧྥ་རེ། (Menkaure)་མེན་ཁོ་རཱེ་ཞེས་པའི་རྗེས་དྲན་གཏོར་གཟུགས་བང་སོ་འདི་ཚོའི་ནང་། རྒྱལ་པོའི་ཁྱིམ་རྒྱུད་ཀྱི་སྐུ་པུར་དང་ཁོ་ཚོའི་འཇིག་རྟེན་གྱི་ནོར་རྫས་དུར་དུ་སྦས་ཏེ་བདག་སྐྱོང་དང་ལོངས་སུ་སྤྱོད་པར་ཡིད་ཆེས་བཟུང་ཡོད། གནའ་བོའི་ཨི་ཇིཔྚའི་རྒྱལ་རབས་བཞི་པའམ་ཧྥ་རཱོ་ཁྲི་ཐོག་གཉིས་པའི་རྒྱལ་པོ་(Khufu[1])་ཁུ་ཧྥུ་ལ་བཞེངས་པའི་གཏོར་གཟུགས་བང་སོ་ཆེན་མོ་ནི་འཛམ་གླིང་གི་ཆེས་ཆེ་བའི་གཏོར་གཟུགས་བང་སོ་ཡིན། མཐོ་ཚད་ལ་སྐུམ་ཁྲུ་480་ ཡོད་པ་དེ་ནི་འཛམ་གླིང་གི་ངོ་མཚར་ཅན་བདུན་གྱི་ནང་གི་ཆེས་ཐོག་མ་དེ་ཡིན། ཚོད་དཔག་བྱས་པ་ལྟར་ན་བཟོ་པ་ཁྲི་2་ཙམ་གྱིས་ལོ་ངོ་ཉི་ཤུའི་རིང་ལ་བཞེངས་ཡོད། རྒྱལ་པོ་དང་བཙུན་མོའི་པུར་ཁང་གཏོར་གཟུགས་བང་བོ་ཆེན་མོ་དེའི་དབུས་སུ་གནས་ཡོད། དེའི་ཁྲོད་ན་ད་དུང་རྒྱལ་པོ་ཁུ་ཧྥུ་ཡི་རྗེས་དྲན་པུར་ཁང་གཉིས་ཡོད། གཏོར་གཟུགས་བང་སོ་དེ་གསུམ་པོ་དུས་རབས་ཁ་ཤས་རིང་འཕྲོག་བཅོམ་ལན་མང་བྱས་རུང་། འདྲ་གཟུགས་ཀྱི་ཡི་གེ་དང་ཤུལ་དུ་ལྷག་ཡོད་པའི་སྒྱུ་རྩལ་དངོས་རིགས་མང་པོ་སྟེ་དཔེར་ན། གཏོར་གཟུགས་བང་སོ་ཆེན་མོ་ནས་རྙེད་པའི་རིན་པོ་ཆེ་དང་། ཁྱིམ་ཆས་ལྟ་བུ། དེ་དག་གིས་གནའ་རྫས་རྟོག་ཞིབ་པར་གནའ་བོའི་ཨིཇཔྚའི་དུར་སྦས་དང་ཆོས་ལུགས་གོམས་སྲོལ། དེ་མིན་ཁོ་ཚོའི་ནམ་རྒྱུན་གྱི་འཚོ་བའི་སྐོར་ལ་རྒྱུས་ལོན་བྱེད་པར་རམ་འདེགས་བྱས་ཡོད། 

དམ་པའི་བང་སོ་ལྷ་ཁང་།



ཇེ་རུ་སི་ལེམ་གྱི་མཁར་རྙིང་བསྟི་གནས་བྱས་ཡོད་པའི་དམ་པའི་བང་སོ་ལྷ་ཁང་དེ་སྟོན་པ་ཡི་ཤུ་མ་ཤི་ཀ་དུར་དུ་སྦས་པའི་གནས་ཡིན་པར་བརྩི། སྔར་ཡོད་དུར་གྱི་སྟེང་དུ་ལྷ་ཁང་ཞིག་བཞེངས་པ་དེ་ནི་རི་ལྡེབས་ཤིག་བརྐོས་ནས་བཞེངས་པའི་དུར་སའི་རིགས་ཀྱི་བང་སོ་ཞིག་རེད། ལྷ་ཁང་འདི་ད་དུང་ཡེ་ཤུ་མ་ཤི་ཀ་རྒྱངས་ཤིང་དུ་བཀལ་ནས་བཀྲོངས་པའི་ཡུལ་དང་། ཡེ་ཤུའི་དད་ལྡན་པ་རྣམས་ཀྱིས་སླར་ཡང་བྱོན་པར་སྨོན་ལམ་བཏབ་པའི་གནས་ཡིན་པར་བཤད། སྤྱི་ལོ་306་ལོར་ཡེ་ཤུའི་ཆོས་ལུགས་པ་གོང་མ་(ཁན་སི་ཊན་ཊེConstantine-274-337ཡེ་ཤུའི་ཆོས་ལུགས་ལ་ཞུགས་པའི་རོམ་གོང་མ་ཐོག་མ་དང་། 324ལོར་ཡེ་ཤུའི་ཆོས་ལུགས་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གཏན་འཁེལ་བྱས། 330་ལོར་རྒྱལ་ས་རོམ་ནས་Byzantiumབྷད་ཛན་ཊེམ་ལ་སྤར།)་དང་པོས་དབང་ཆ་བཟུང་རྗེས། ཡེ་ཤུ་ཆོས་ལུགས་ཀྱི་བང་སོའི་ཐོག་བཙུགས་པའི་ཆོས་ལུགས་གཞན་གྱི་ལྷ་ཁང་རྣམས་བཤིག་དགོས་པའི་བཀའ་བསྩལ་། ཁན་སི་ཊན་ཊེ་ཡི་བཟོ་སྐྲུན་པ་རྣམས་ཀྱིས་སྔར་བྲག་རྡོས་བཞེངས་སྐྲུན་བྱས་ཡོད་པའི་ཡེ་ཤུའི་བང་སོ་དེ་བསྔོགས་འདོན་གྱིས་གདུང་ཁང་ཆུང་ཆུང་ཞིག་གི་ནང་དུ་བསྣུར།  ཕྱིས་སུ་བང་སོ་དེའི་མཐའ་འཁོར་ནས་དམ་པའི་སང་བོ་ལྷ་ཁང་གསར་བཞེངས་བྱས་པ་ཞིག་རེད། ལྷ་ཁང་འདི་ནི་ཕྱི་ལོ་336ལོར་ལེགས་པར་གྲུབ། ལོ་མང་རིང་ཆག་འཇིག་ཉམས་ང་བྱུང་ནས་ཐེངས་མང་བསྐྱར་གསོ་གནང་ཡོད། ཕྱི་ལོ་614་ལོར་པར་ཤི་ཡ་བས་མེར་བསྲེགས་བཏང་། ཕྱི་ལོ་630་ལོར་(Heraclius)་ཧེ་རཱ་ཁི་ལེ་སིའི་གོང་མས་བསྐྱར་གསོ་བྱས། ཧ་ལམ་ཕྱི་ལོ1009་ཙམ་ལ་ཨིཇིཔྚ་བ་རྣམས་ཀྱིས་རྩ་མེད་དུ་བཏང་། དེ་ནས་སླར་ཡང་ཉམས་གསོ་གནང་། ཉམས་གསོ་རབ་དང་རིམ་པར་བྱས་པ་བརྒྱུད། ཡེ་ཤུའི་ཆོས་ལུགས་ཀྱི་སྡེ་ཁག་སྣ་ཚོགས་པའི་ཤུགས་རྐྱེན་གྱིས། དེ་རིང་གི་དམ་པའི་བང་སོའི་སྒྱུ་རྩལ་བཟོ་བཀོད་ནི་མཛེས་དཔྱོད་ཀྱི་ཁྱད་ཆོས་མཉམ་བསྲེས་བྱས་པ་ཞིག་རེད། དེར་བརྟེན། ཇེ་རུ་ས་ལིམ་ལ་དབང་བསྒྱུར་བའི་སྐབས་ཀྱི་བཙན་རྒྱལ་བ་ཨོ་ཊོ་མན་གྱིས་ཕྱི་ལོ 1852 ལོར་བཀོད་བསྒྲིགས་བྱས་པ་ལྟར། ཡེ་ཤུ་ཆོས་ལུགས་པའི་སྡེ་ཁག་དྲུག་གིས་ལྷ་ཁང་དེར་དོ་དམ་བྱས་ཡོད་ལ། སྡེ་ཁུལ་ཚང་མར་ས་ཁོངས་དེའི་ཁྲོད་ན་རང་ཉིད་ཀྱིས་གཏན་འཁེལ་བའི་མཆོད་ཁང་རེ་ཡོད། ད་བར་དུ་སྲོལ་རྒྱུན་འདི་རྒྱུན་བསྲིངས་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་ཚོགས་པ་གཙོ་བོ་གསུམ་ནི་གྲཱིས་དངོས་རྒྱུད་ཆོས་ལུགས་ཤར་མ་དང་རོམ་གནམ་བདག་ཆོས་ལུགས། ཨར་མེ་ནི་ཡའི་དངོས་རྒྱུད་ཆོས་ལུགས་ཤར་མ་བཅས་སོ། 

མོ་ཧཱ་མཱ་ངྷའི་ཆོས་ཁང་།




བཀའི་ཕོ་ཉའི་ཆོས་ཁང་ནི་(Saudi Arabia)སོོ་ངྷི་ཨ་ར་བི་ཡཱའི་མེ་ཌི་ནཱར་རྟེན་གཞི་བྱས་ཡོད་ལ། ཁ་ཆེ་ཆོས་ལུགས་ཀྱི་བཀའི་ཕོ་ཉ་མོ་ཧཱ་མཱ་ངྷ་ཡི་བང་སོ་ཡང་་དེར་བཏབ་ཡོད། ཁ་ཆེ་ཆོས་ལུགས་ཀྱི་གནས་མཆོག་རྩ་ཆེ་ཤོས་གཉིས་པ་ཡིན་པར་འདོད།  གནས་མཆོག་རྩ་ཆེ་ཤོས་དང་པོ་ནི་མེ་ཁཱ་རུ་གནས་པའི་ཀཱ་བཱའི་ཁ་ཆེ་ཆོས་ཁང་དེ་ཡིན་ཞིང་། འཛམ་གླིང་གི་ཁ་ཆེ་ཆོས་ལུགས་པ་ཡོངས་ཀྱིས་གནས་མཆོག་དེ་ལ་ཁ་འཁོར་ནས་གསོལ་བ་འདེབས། ཐོག་མའི་ཁ་ཆོས་ཆོས་ལུགས་ཀྱི་ཆོས་ཁང་དེ་མོ་ཧཱ་མཱ་ངྷ་ཁོང་རང་ཉིད་ཀྱིས་ཁྱིམ་གྱི་ཉེ་འཁྲེས་ནས་འཛུགས་སྐྲུན་བྱས་པ་ཞིག་རེད། དེར་ཆོས་འཆད་སའི་སྟེགས་བུ་ཞིག་བཞེངས་པ་དང་། དེ་ནས་དད་ལྡན་པ་རྣམས་ལ་སྨོན་ལམ་གསོལ་འདེབས་ཞུ་སྟངས་དང་སྨྱུང་གནས་འདུག་སྟངས། གནས་སྐོར་ལ་འགྲོ་དགོས་པ་སོགས་ཆོས་ཀྱི་སྤྱོད་ལམ་མང་པོ་གསུང་། མོ་ཧཱ་མཱ་ངྷ་སྤྱི་ལོ 632 ལོར་སྐུ་གཤེགས་ཏེ་གནས་དེ་རང་ནས་བང་སོ་བཏབ། ཕྱིས་སུ་དབང་བསྒྱུར་བ་རྣམས་ཀྱིས་ཁ་ཆེ་ཆོས་ཁང་དེ་རྒྱ་བསྐྱེད་དང་བསྒྱུར་བཅོས་མང་པོ་བཏང་ཡོད། 1818་ལོར་(Mahmut II 1785-183. ) ཨོ་ཊོ་མན་བཙན་རྒྱལ་རྒྱལ་རབས་སུམ་ཅུ་པ་སྟེ་མཱ་ཧཱ་མོ་ད་ཁྲི་ཐོག་གཉིས་པས། བཀའི་ཕོ་ཉའི་བང་སོའི་སྒང་ལ་ཟླ་གམ་གྱི་རྒྱ་ཕིབས་བཞེངས་ཏེ་ལྗང་མདོག་གིས་བྱུགས། ཁ་དོག་འདི་ནི་ཁ་ཆོས་ཆོས་ལུགས་ཀྱི་མཚོན་རྟགས་སུ་གྱུར་ཡོད།


 མིང་རྒྱལ་རབས་ཀྱི་བང་སོ་བཅུ་གསུམ།


ཡོ་རོབ་ཀྱི་བང་སོ་བརྩིགས་པའི་དར་སྲོལ་རིམ་གྱིས་ཧ་ལམ་མེད་པར་གྱུར་བ་དང་ཆབས་ཅིག མིང་རྒྱལ་རབས་སྐབས་སུ་ཀྲུང་གོ་ནས་ཁྱད་དུ་འཕགས་པའི་བང་སོ་རབ་དང་རིམ་པ་འཛུགས་སྐྲུན་བྱས་པ་རེད།  མིང་རྒྱལ་རབས་(1368-1644)་ཀྱི་དུས་འགོར། ཀྲུང་གོའི་རྒྱལ་ས་ནན་ཅན་ཡིན་མོད། གོང་མ་ཁྲི་ཐོག་གཉིས་པས་1421ལོར་རྒྱལ་ས་ནན་ཅན་ནས་པེ་ཅིན་དུ་སྤོས། པེ་ཅིན་གྲོང་ཁྱེར་བྱང་ཕྱོགས་ཀྱི་ལེ་དབར་30 མཚམས་ཀྱི་ས་ཆ་ཞིག་བདམས་ནས་རང་གི་བང་སོ་འཛུགས་སྐྲུན་བྱས། མིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཅུ་བདུན་གྱི་ཁྲོད་ནས། གོང་མ་ཁྲི་ཐོག་བཅུ་གསུམ་དང་བཙུན་མོ་ཆེན་ཆུན་ཉེར་གསུམ། ད་དུང་རྒྱལ་སྲས་དང་ཀོང་ཇོ་ཁ་ཤས་བཅས་ལྷན་དུ་ལུང་གཤོངས་དེར་དུར་བཏབ་ཡོད་ལ། བང་སོ་བཅུ་གསུམ་དེ་ཕྱི་ལོ་1409་ནས་1644་ལོའི་བར་གྱི་ལོ་ངོ་ཉིས་བརྒྱའི་རིང་ལ་བརྩིགས་ཤིང་། ཆེས་ཐོག་མའི་བང་སོ་གཅིག་པུ་བརྩེགས་པར་ལོ་ངོ་18་ཀྱི་དུས་ཚོད་སྤྱད་པ་རེད། བང་སོ་བཅུ་གསུམ་ནི་གནས་ཆེན་པོ་ཞིག་ན་ཆགས་ཡོད་ལ་ནང་དུ་འཛུལ་པའི་ལམ་ཐག་ཧ་ཅང་རིང་། “བང་སོ་བཅུ་གསུམ་གྱི་ལྷ་ལམ་”(神道)ཞེས་པའི་བགྲོད་ལམ་གྱི་གཡས་གཡོན་ན་སྲུང་དམག་དང་སྲོག་ཆགས་ཀྱི་འཇིམ་བརྙན་ཧ་ཅང་ཆེན་པོ་གྲལ་བསྟར་ཡོད། དེའི་ཁྲོད་ན་དངོས་ཡོད་ཡོད་ལ་ལྷ་སྒྲུང་ཡང་ཡོད། བང་སོ་(明定陵[2])་ཞེས་པ་ནི་སྐད་གྲགས་ཆེ་ཤོས་ཀྱི་བང་སོ་ཞིག་ཡིན་ལ་ས་འོག་ནས་ཐོན་དངོས་མང་ཤོས་ཀྱི་བང་སོ་ཞིག་ཀྱང་ཡིན། འདིར་དུར་ཁང་ཡང་འདུས་པའི་ས་འོག་གི་ཁང་པ་གསུམ་ཡོད་ལ། དེ་བཞིན་རིག་དངོས་སྟོང་ཕྲག་མང་པོ་དཔེར་ན་དར་གོས་དང་། རིན་པོ་ཆེའི་རྒྱན་གོས། སྣོད་ཆས་སོགས་མང་པོ་དེ་གར་ཐོན་ཡོད། མིང་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ཆེས་འགལ་ཆེ་བའི་དུས་རབས་ཀྱི་གྲས་དང་། སྲིད་གཞུང་ཧ་ཅང་དར་རྒྱས་ཆེ་བ་དང་འབྱོར་ཕྱུག་ལྡན་པའི་དུས་ཚོད་ཅིག་ཡིན་པར་ཡོངས་ཁྱབ་ནས་ངེས་འཛིན་གནང་། མིང་རྒྱལ་རབས་གྱི་གོང་མས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པའི་སྲིད་འཛིན་སྒྲིག་སྲོལ་དང་དམག་དཔུང་བཙུགས་ཤིང་།  པེ་ཅིན་གྱི་ལྟེ་གནས་སུ་གནས་པའི་བརྗིད་ཉམས་ལྡན་པའི་ཕོ་བྲང་སྟེ། ཙི་ཅིན་མཁར་(紫紧城) ་གྱི་འཛུགས་སྐྲུན་གཙོ་བོར་ལྟ་སྐུལ་བྱས། མིང་རྒྱལ་རབས་ཀྱི་གོང་མ་རྣམས་ཀྱི་ལག་རྗེས་དྲན་རྟེན་དངོས་པོ་ཞིག་ཡིན་པས་ཆ་ནས། བང་སོ་བཅུ་གསུམ་གྱིས་ད་དུང་རྒྱུན་མཐུད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་ལ། ཡུལ་སྐོར་བ་མང་པོ་དངོས་སུ་དུར་ཁྲོད་དུ་སོང་ནས། ཉེ་འགྲམ་གྱི་མིང་རྒྱལ་རབས་ཀྱི་བཟོ་སྐྲུན་ཁྱད་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཏུ་ཁོ་ཚོའི་རིག་དངོས་ལ་ལྟ་བཞིན་ཡོད།

ཏཱ་ཇི་མ་ཧལ།

རྒྱ་གར་གྱི་ཆེས་སྐད་གྲགས་ཆེ་བའི་འཛུགས་སྐྲུན་བཟོ་བཀོད་དེ་ཡང་བང་སོ་ཞིག་ཡིན། 1638་ལོར་པར་ཤི་ཡ་དང་རྒྱ་གར་གྱི་བཟོ་བཀོད་སྒྱུ་རྩལ་གྱི་རྣམ་པ་མཉམ་བསྲེས་ཀྱིས་མུ་གྷལ་གྱི་ལུགས་ལྟར་བཟོ་པ་ཁྲི་2་ཙམ་གྱིས་བཞེངས་པ་ཞིག་རེད། དེ་རིང་གི་རྒྱལ་ས་ལྡི་ལི་གསར་པ་དང་སྤྱི་ལེ་ཉིས་བརྒྱ་ལྷག་ཡོད་པའི་བྱང་ཕྱོགས་གྲོང་ཁྱེར་ཨཱག་ར་(Agra)་རུ་གནས་ཡོད་ལ། སྐབས་དེར་མུ་གྷལ་བཙན་རྒྱལ་གྱི་རྒྱལ་ས་རེད། ཏཱ་ཇི་མ་ཧལ་ནི། པུར་ཁང་གཅིག་དང་གཞུང་ལམ་ཆེན་པོ་གཅིག མེ་ཏོག་ལྡུམ་ར་ཞིག ཁ་ཆེ་ཆོས་ཁང་གཅིག (Jawab)་ཞེས་པའི་ཁ་ཆོས་ཆོས་ཁང་གི་སྣང་བརྙན་མཚོན་པའི་ཁང་བཟང་ཞིག་དང་བཅས་སྣ་ཚོགས་ཀྱི་གྲུབ་པ་ཞིག་ཡིན། རྡོ་ཀ་མ་རུའི་པུར་ཁང་དང་རྨད་དུ་མཛེས་པའི་ལྡུམ་ར། ཁ་ཆོས་ཆོས་ལུགས་ཀྱི་རྒྱ་ཕིབས་ཟླ་གམ་མ་དང་ལྕོག་མཁར།

དེའི་ཆ་སྙོམ་པའི་མཛེས་ཆ་དང་འཐུས་སྒོ་ཚང་བའི་རྒྱན་སྤྲོས་ཀྱི་ཞིབ་ཕྲའི་ཐོག་ནས་ཡོངས་སུ་གྲགས། དེ་དག་གི་མཛེས་སྡུག་ལྡན་པའི་ཇུས་འགོད་དང་རྒྱབ་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེ་བཞིན་དུ་འཛམ་གླིང་ལ་སྐད་གྲགས་ཆོད་ཡོད། མུ་གྷལ་གྱི་གོང་མ་ཤཱཧ་ཇ་ཧཱན་གྱིས་སྙིང་ནས་བརྩེ་བའི་བཙུན་མོ་མུམ་ཏཱ་ཇི་མ་ཧལ་གྱི་ཆེད་དུ་བཞེངས་པའི་བང་སོ་ཏཱ་ཇི་མ་ཧལ་ནི་བརྗིད་ཉམས་ལྡན་པའི་རྟག་བརྟན་གྱི་བང་སོ་ཞིག་ཏུ་གྱུར། གོང་མའི་མདུན་གྱི་ལོ་རྒྱུས་རིག་པ་བས། དབང་བསྒྱུར་བ་དང་མ་ཧལ་བར་གྱི་འབྲེལ་བ་བྲིས་ནས་བཤད་པ་ཡོད་པ་དེ་སྐབས་དེའི་སྤྱིར་བཏང་དང་མི་འདྲ་ཞིག་ཡོད་རེད། རྒྱལ་པོ་དང་བཙུན་མོའི་བར་དུ་གཏིང་ཟབ་ཅིང་སྤྲོ་སེམས་ཀྱིས་ཁེངས་པའི་བརྩེ་དུང་དང་མཛའ་བརྩེ་བརྗོད་ཡོད། ལོ་རྒྱུས་རིག་པ་བས་མ་ཧལ་ནི་རྒྱལ་པོའི་ཆེས་མཛའ་བརྩེ་ལྡན་པའི་གྲོགས་པ་དང་ཟླ་བོ་ཡིན། ཁོ་ཚོའི་ཐུན་མོང་མ་ཡིན་པའི་ལུས་སེམས་བར་གྱི་འཆམ་མཐུན་ཡང་ཞིབ་བརྗོད་བྱས་ཡོད། བཙུན་མོས་སྐུ་སྲས་བཅུ་བཞི་པ་བཙས་རྗེས་ཚེ་མ་ཟིན་པར་འདས། གོང་མ་ཤཱཧ་ཇ་ཧཱན་གྱིས་བང་སོ་བཞེངས་ནས་ཁོའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་གཏན་གྲོགས་ལ་དྲན་གསོ་བྱས། ཁོང་གི་བཙུན་མོ་གཤེགས་ནས་མི་ལོ་35་རིང་ལ་ཤུལ་དུ་བཞུགས་ཏེ། མུ་མཐུད་ཕྱི་ལོ་1658་ལོའི་བར་དུ་མུ་གལ་གོང་མའི་དབང་ཆ་བཟུང་ནས་བསྡད། དེ་ནས་རང་གི་རྒྱལ་སྲས་ཀྱིས་ཡབ་རྒྱལ་བོ་ཤཱཧ་ཇ་ཧཱན་དེ་ཉིད་ཁྲི་ལས་ཕབས་ཏེ། ཏཱ་ཇི་མ་ཧལ་གྱི་ཁ་གཏད་ཀྱི་ཨཱག་རའི་བཙན་རྫོང་ནང་བཙོན་འཇུག་བྱས། ཏཱ་ཇི་མ་ཧལ་ནི་གོང་མས་བཙུན་མོར་བཅངས་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་དང་། བརྩེ་དུང་གི་ཞལ་ཆེམས་མཚོན་པའི་རྨད་བྱུང་གི་བང་སོ་ཞིག་ཡིན་པས། བརྒྱ་ཕྲག་དུ་མའི་རིང་ལ་ཏཱ་ཇི་མ་ཧལ་གྱིས་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་ལྟད་མོ་བ་སྟོང་ཕྲག་མང་པོ་འདུས་ཡོད།


28.11.2020 ཉིན་ཧྥ་རིན་སི་ནས་གྲུབ།

[1]ཁུའུ་ཧྥུ་ནི་གནའ་བོའི་ཨི་ཇིཔྚའི་རྒྱལ་པོ་ཞིག་ཡིན། རྒྱལ་རབས་བཞི་པའི་ཧྥ་རཱོ་ཁྲི་ཐོག་གཉིས་པ་ཡིན། ་

[2]ལོ་500 ལྷག་ཙམ་རིང་གི་ཀྲུང་གོའི་ཆབ་སྲིད་དང་རྗེས་དྲན་མཛད་སྒོའི་ལྟེ་གནས་ཤིག་རེད། 1420ལོར་བཞེངས་གྲུབ་རྗེས། གོང་མའི་ཕོ་བྲང་འདི་ནི་མིང་(1368-1644)དང་ཆིང་(1644-1911)་གཉིས་རྒྱལ་རབས་24་དང་ཁོ་ཚོའི་ཁྱིམ་མི་དང་གཡོག་པོ་བཅས་ཀྱི་གཞིས་ཀ་རེད།
GEOLOGY FOR BEGINNERS REPORT

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།