གྱང་། (ཞར་བཀོད་གཅིག

11247

རྩོམ་པ་པོ། ཐ་སྐར།


གྱང་།

གྱང་འདི
ལས་ཉོན་གྱིས་གྲུབ་ཅིང་བདག་འཛིན་གྱིས་བཏེགས
ཤིན་ཏུ་མཐུག་པའི
གྱང་འདི་ལ
སྒོ་དང་སྒེའུ་ཁུང་གང་ཡང་མི་འདུག
ཁོ་ཚོས རང་གི་ལུས་སྟེང་དུ་མུན་པ་འཐུ་བཞིན་འདུག

གྱང་འདི
གཟུགས་མཛེས་པ་ལས་གྲུབ
སྒྲ་སྙན་པ་ལས་གྲུབ
དྲི་ཞིམ་པ་ལས་གྲུབ
རོ་མངར་བ་ལས་གྲུབ
རེག་བྱ་འཇམ་པ་ལས་གྲུབ
གྱང་འདི དེ་དག་རེ་རེ་བཞིན་ཡིན་ཆོག་ལ
དེ་ཡང་མིན

སྡིག་སྒྲིབ་ཀྱི་འདོགས་ཐག
དུམ་སེར་བཅད་དེ
གྱང་འདིའི་ཕ་རོལ་དུ་བརྒལ་ཚེ
གྱང་གཞན་ཞིག་ཡོད་དམ
དེ་ནི་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་གྱང་ཞིག་ཡིན་ནམ

ཚེ་རབས་ཀྱི་རྩིབས་སྟོང
བར་མེད་བསྐོར་ཀྱང ང་དང་ཁྱོད
ད་དུང་ཡང་གྱང་འདི་ལས་བརྒལ་མ་ནུས

                    2020/7/19


 བརྩེ་འཕྲིན།

            ༡
མིག་ཟུང་ག་ལེར་བཙུམས་ནས
རྨི་ལམ་གྱི་འབོད་པར་རྣ་བ་བླགས་ཀྱང

          ༢
གཙང་བོ་ལྟ་བུའི་དྲན་གདུང་གི་བཞུར་རྒྱུན
མཁའ་མཐའི་སྤྲིན་པར་བཀལ

           ༣
སྐད་ཆ་བཤད་ཤེས་པའི
ཁྱོད་ཀྱི་མིག་ཟུང་ལས
དབྱངས་རྟ་ཞིག་སླར་ཡང་རྙེད

          ༤
གཉིད་མི་ཁུག་པའི་མཚན་མོ་འདིར ཁྱོད་ཁོ་ན
ཞི་བར་འཁྱིལ་བའི་སེམས་པའི་མཆོད་སྟེགས་སུ
མར་མེ་བཞིན་འཚེར
          ༥

ཤ་ཁྲག་གིས་གྲུབ་པའི་རྒྱ་སེ
སྲོག་གི་སྙིང་བོ་རུ་གྱུར་དུས
ངའི་རྨི་ལམ་དུ་ཁྱོད་ལས་སུ

                   ༢༠༢༠/༧/༢༠


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།