གཉན་གྱི་གསར་བྲིས་སྙན་ངག《ནམ་ལངས་རག་བར་བཞེངས་བའི་གཡང་ཊྀ》ཞེས་པ།

26363


ནམ་ལངས་རག་བར་བཞེངས་བའི་གཡང་ཊྀ།

རྩོམ་པ་པོ། གཉན།
རི་མོ་པ། བསྟན་འཛིན་ནོར་བུ།

ངའི་ལག་ནང་གི་གཡང་ཊི་དེ་ལ།
མདོག་དང་དབྱིབས་མི་འདུག
དེའི་ནང་དུ་ཆུ་ཡི་བསྟན་བཅོས་ཤིག་ཤོང་ཐུབ།

ཉིན་ཞིག་ལ།
རྟ་མཆོག་བཅུ་ཐམ་པས།
སྐོམ་བསྔལ་མྱོང་དུས།
ངའི་ལག་པའི་ནང་གི་གཡང་ཊི་དེ།
མཐའ་ཡས་པ་ཞིག་ཏུ་འགྱུར་འགྲོ་ངེས།

དེའི་རྗེས་སུ།
མདོག་དང་དབྱིབས་གཉི་ག
རེས་མོས་བྱས་ནས་ཐོན་འོང་ལ།
སུས་ཀྱང་བསུབ་ཐབས་ཡོད་མི་སྲིད།

དེའི་རྗེས་སུ།
ངེས་དོན་གྱི་གཡང་ཊི་དེ།
འབྲོག་སྟོང་ཁོ་ན་ལ་དབང་བར་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།