ཐེའུ་རང་གིས་གསར་དུ་བྲིས་པའི་སྙན་ངག《རྒྱང་རིང》ཞེས་པ།

10916



རྒྱང་རིང་།


         
               
བདུད་རྩི་བསྙལ་བའི་ལོ་མ།
གློ་རྡེག་ལ་སྨིན་ཚར་པའི་སྟོན་ཀ

ཚེར་མའི་གཟུགས་ཀྱིས་འཛིང་པའི།
འཁོར་བའི་ཚིག་དག
ཤིན་ཏུ་རྣོ་ནའང་།

ལས་རླུང་གིས་བསྒུལ་པའི།
ཁ་སང་གི་རྣ་ལོང་།
ས་སྲོད་ཀྱི་གཙང་པོས་འཁུར་མི་སྲིད།

རྙེད་པ་ནི་བདེ་སྐྱིད་ཀྱི་སྐྱེ་བ་ལགས་ན། 
རྒྱང་རིང་ནི་སྐྱོ་གདུང་གི་མྱང་འདས་ཏེ།

ཉི་མ་རེ་རེར། 
ཐང་མ་བཞིན་འཐུ་དགོས་པའི།
ཕྱིར་དྲན་གྱི་ཚེ་བསོད།
དུས་ཚོད་ཀྱི་མྱ་ངན་ལ་ཟག

རྒྱང་རིང་ནས་རྒྱང་རིང་ལ་ལོག་པའི།
ཉེ་བའི་མི་དང་།   ལས་ཀྱི་རླུང་།


2019.12.30

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།