གཅན་མེ་སྟག་གི་ལྷུག་རྩོམ་དེབ་གསར《བུ་མོ་གཡུ་ཆུང་ཟླ་བ》དཔར་སྐྲུན་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།

5302



གཅན་མེ་སྟག་གི་ལྷུག་རྩོམ་དེབ་གསར་《བུ་མོ་གཡུ་ཆུང་ཟླ་བ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐུན་ཁང་ནས་དཔར་སྐྲུན་བྱས་ཏེ། ད་ལྟ་དངོས་སུ་འགྲེམ་སྤེལ་གྱི་དུས་སུ་སླེབས་འདུག འདི་ནི་བོད་རྩོམ་སྟེགས་བུའི་སྒང་གི་གལ་ཆེའི་འཕྲིན་བཟང་ཞིག་ཡིན།


ཁོང་གི་ཐེངས་འདིའི་ལྷུག་རྩོམ་གྱི་དེབ་མིང་དུ་བུ་མོ་གཡུ་ཆུང་ཟླ་བ་ཞེས་བཏགས་ཤིང་དོན་དུ་གཡུ་ཆུང་ཟླ་བ་ཞེས་པའི་མིང་དེ་ཁོང་གི་བུ་མོའི་མིང་ཡིན་པ་རེད། ཁོང་གི་གསར་རྩོམ་གྱི་གོ་རིམ་ཁྲོད་ནས་བལྟས་ན་དེ་ལ་གནས་ལུགས་ཀྱི་ཆ་གལ་ཆེན་ཞིག་ཡོད་ངེས་པ་རེད།


ཕྱི་ལོ2004ལོའི་ཟླ་9བར་གཅན་མེ་སྟག་གི་གྲོལ་མའི་སྙན་ངག་གི་རྩོམ་ལས་ཅན་གྱི་དེབ་དང་པོ་《ལྷོ་བཞུད་ཀྱི་ཆུ་འཛིན》ཞེས་པ་པར་བསྐྲུན་བྱས་ཤིང་། སླར་ཡང་2013ལོར་གྲོལ་མའི་སྙན་དེབ་《ཚེར་སིལ་སྐྱ་བོ》ཞེས་པ་པར་བསྐྲུན་བྱས། ཁོང་ནི་དཔེ་དེབ་གྲངས་འབོལ་མང་པོ་ཅན་ཞིག་མིན་ཡང་གསར་རྩོམ་སྙན་ངག་གི་གྲངས་ཧ་ཅང་མང་། ཁོང་གི་གསར་རྩོམ་ཁྲོད་ཀྱི་བརྩོན་འགྲུས་དང་རྒྱུན་སྐྱོང་དེ་ནི་བོད་ཀྱི་གསར་རྩོམ་ལ་སློབ་པའི་མི་དག་གི་བསླབ་གཞི་ཞིག་དང་མིག་ལྟོས་བྱ་ཡུལ་གལ་ཆེན་ཞིག་ཡིན་པར་སྙམ།


མི་ཚེ་གསར་རྩོམ་གྱི་ལམ་ལ་བསྟིམས་ཤིང་བསྟིམ་ངེས་ཀྱི་གཅན་མེ་སྟག་ནི་བོད་ཀྱི་གསར་རྩོམ་ཁྲོད་ཀྱི་ལྗོན་པ་ཁེར་སྐྱེས་ཤིག་དང་། དེབ་གསར་འདི་ཡང་བོད་རྩོམ་གསར་མའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་རེད། དེ་བས་ཁོང་གི་གསར་རྩོམ་གྱི་རླབས་རྒྱུན་ནམ་ཡང་འཇགས་པ་མེད་ཅིང་སྐུ་ཚེ་ཡུན་བརྟན་ཡོང་བའི་སྨོན་ལམ་ཞུ་འོས་སོ།། བཀྲ་ཤིས་བདེ་ལེགས།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།