རྫ་དཔལ་སྤྲུལ་གྱི་འཁྲུངས་གཞིས་དཀར་ཆུང་ཀོར་མོ་ལུང་།

471

 

     དཀར་ཆུང་ཀོར་མོ་ལུང་དུ་ཐོན་དུས། མེས་པོ་དཔལ་སྤྲུལ་གྱི་མན་ངག་རྡོ་རྗེའི་ཐོལ་གླུ་དེ་ཡང་ཡང་དྲན་འོང་ཞིང་། ཁོང་གིས་ནག་ཡན་ཕུབ་སྟེ་དཔེ་ཀློག་གི་བསམ་གཏན་བསྒོམ་སའི་ཉིན་ལུང་ཆུང་ཆུང་དེ་རུའང་ཡང་ལྟ་ཡང་ལྟ་ཤོར་འགྲོ། ……

༡.jpg

                                                     ༡ རྫ་དཔལ་སྤྲུལ་གྱི་འཁྲུངས་ལུང་དཀར་ཆུང་ཀོར་མོ་ལུང་མདའ།

༢.jpg

                              ༢ ལྟེ་མཚལ་དངོས་སུ་འཐོར་སའི་རྒྱལ་ཐོག་དཔོན་ཚང་གི་མཚེར་ཤུལ།

༤.jpg

                                             ༣   ནག་ཡན་ཕུབ་སྟེ་དཔེ་ཀློག་གནང་སའི་དཀར་ཆུང་ལུང་སྐེད།

༥.jpg

                                          ༤  གདུང་རྟེན་བཞུགས་འབུལ་ཞུ་སའི་དཀར་ཆུང་ཉིན་ཤར།

              རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། རབ་བྱུང་བཅུ་བཞི་པའི་ས་འབྲུག་ཕྱི་ལོ༡༨༠༨ལོར་ཉི་མ་རྫ་ཆུ་ཁ་བའི་ཤོག་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་དགེ་རྩེའི་འགབ་མའི་རྒྱལ་ཐོག་དཔོན་ཚང་གི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ཕག་ཕྱི་ལོ༡༨༨༧ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས། རྡོ་བླ་འཇིགས་མེད་སྐལ་བཟང་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས།  འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་སློབ་དཔོན་དུ་བསྟེན་ཏེ་ངལ་གསོ་སྐོར་གསུམ་དང་།  རྗེ་ཙོང་ཁ་པའི་གཞུང་ལུགས་སོགས་ལ་སྤུས་ཚད་ཚགས་སུ་ཚུད་པའི་སློབ་གཉེར་གནང་། ཁོང་གིས་སྦྱང་བྱ་རིས་མེད་ཀྱི་གཞུང་ལུགས་སྦྱངས་ཤིང་།  ཐོབ་བྱ་རིས་མེད་ཀྱི་གྲུབ་མཐའ་བསྐྱངས་བ་དེས་ཕྱོགས་འཐེན་རང་རློམ་གྱིས་ཆོས་རྒྱུད་ཕྲག་ཏུ་ཁྱེར་བའི་སྔོན་ཆད་དང་། ད་ལྟའི་ཆོས་འབག་སྤྱི་ཚོགས་སུ་འབྱུང་སྤུས་ལེགས་པའི་དགོན་སྡེའི་སློབ་གསོ་ཡི་མ་དཔེ་གསོན་ཚུགས་ཅན་ཞིག་བསྟན་ཐུབ་ཡོད།  

 

རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།