བྷོབ་ཌའེ་ལུན་གྱི་སྙན་ངག《རླུང་ནང་འཕྱོ་བ།》

172

Bob-Dylan.jpg
༢༠༡༦ ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཨ་མེ་རི་ཀའི་སྙན་ངག་པ་དང་། གླུ་དབྱངས་མཁན། སྒྱུ་རྩལ་པ་བྷོབ་ཌའེ་ལུན་གྱི་གཞས་ཚིག་སྙན་ངག

——ཨ་དོན་ཉིས་ཨིན་ཡིག་ནས་བསྒྱུར།


མི་ཞིག་ལ་སྐྱེས་བུ་ཞེས་འབོད་དགོས་ན

ལམ་ཐག་ག་ཚོད་ཅིག་ལ་རྐང་ཐང་གིས་བཞུད་དགོས་སམ

ཕུག་རོན་དཀར་མོ་ཞིག་དལ་གྱིས་རྒྱ་མཚོར་རྒྱུ་ཚེ

དེ་གཙང་ངོགས་ཤིག་ནས་གཉིད་དུ་ཡུར་རམ

སྒྱོགས་མདེལ་དེ་དག་བཀག་སྡོམ་བྱེད་རེག་ཏུ

འཕུར་སྐྱོད་ཅི་ཙམ་བྱེད་དགོས་སམ

གྲོགས་པོ   དྲིས་ལན་དེ་རླུང་ནང་ན་འཕྱོའོ

དྲིས་ལན་དེ་རླུང་ནང་ན་འཕྱོའོ

རི་བོ་དག་ཆུ་བོས་འདེད་རེག་ཏུ

ལོ་ངོ་ཅི་ཙམ་ལ་གནས་ཐུབ་བམ

སྐྱེ་བོ་ལ་ལ་ཞིག་ལ་རང་དབང་གི་བགོ་སྐལ་འཐོབ་དགོས་ན

ལོ་ངོ་ཅི་ཙམ་རིང་འཚོ་དགོས་སམ

མི་ཞིག་གིས་ཐེངས་ཅི་ཙམ་ལ་མགོ་བོ་སྤྲུགས་སྤྲུགས་གནང་ན

ཁྱོད་དམུས་ལོང་ལྟར་སྡོད་ཚུགས་སམ

གྲོགས་པོ  དྲིས་ལན་དེ་རླུང་ནང་ན་འཕྱོའོ

དྲིས་ལན་དེ་རླུང་ནང་ན་འཕྱོའོ

མི་ཞིག་གིས་ནམ་མཁའ་མཐོང་རེག་ཏུ

ཐེངས་ཅི་ཙམ་ཞིག་ལ་ངོ་གདོང་ནམ་མཁར་ཕྱོགས་དགོས་སམ

མི་དམངས་ཀྱི་ངུ་སྐད་ཐོས་རེག་ཏུ

ཁྱོད་ལ་ཨམ་ཅོག་ག་ཙམ་སྐྱེ་དགོས

མི་ཧ་ཅང་མང་བོ་ཞིག་ཤི་རྗེས

ད་གཟོད་ཁྱོད་ཀྱིས་ཤི་བོ་དེ་དག་ངོ་ཤེས་འོང་ངམ

གྲོགས་པོ  དྲིས་ལན་དེ་རླུང་ནང་ན་འཕྱོའོ

དྲིས་ལན་དེ་རླུང་ནང་ན་འཕྱོའོ

rs-212471-BE020123.jpg

Blowing In the Wind

By Bob Dylan

Lyrics

How many roads must a man walk down

Before you call him a man?

How many seas must a white dove sail

Before she sleeps in the sand?

Yes, and how many times must the cannon balls fly

Before they’re forever banned?

The answer, my friend, is blowin’ in the wind

The answer is blowin’ in the wind

Yes, and how many years can a mountain exist

Before it’s washed to the sea?

Yes, and how many years can some people exist

Before they’re allowed to be free?

Yes, and how many times can a man turn his head

And pretend that he just doesn’t see?

The answer, my friend, is blowin’ in the wind

The answer is blowin’ in the wind

Yes, and how many times must a man look up

Before he can see the sky?

Yes, and how many ears must one man have

Before he can hear people cry?

Yes, and how many deaths will it take ‘till he knows

That too many people have died?

The answer, my friend, is blowin’ in the wind

The answer is blowin’ in the wind

Chat Conversation End

Type a message…

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།