འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་རིམས་ནད་ཆེན་མོ།

3244


(བྱུང་རབས་མཁས་པ་རྣམས་ཀྱིས་སྲོག་ཆགས་ནས་འགོས་པའི་རིམས་ནད་ཆེན་པོ་འདི་རིམ་པ་གསུམ་དུ་ཕྱེས་འདུག)


དང་པོ། བྱུང་རབས་མཁས་པ་ཚོས་སྲོག་ཆགས་ནས་འགོས་པའི་རིམས་ནད་ཆེན་པ་མོ་དེའི་རྩ་བ་རྒྱ་གར་ནས་ཐོན་པར་ཆ་འཇོག་བྱེད། སྤྱི་ལོ་546 ལོར་ཐོག་མར་རོམ་ཤར་མའི་རྒྱལ་ཁམས་སུ་ཁྱབ་སྟེ། ཧ་ལམ་མི་གྲངས་ས་ཡ་50ལྷག་རྐྱེན་འདས་སུ་བྱུང་པའི་གྲུབ་དོན་འདུག འཛམ་གླིང་གི་མི་འབོར་གྱི་26%བརྒྱ་ཆའི་ཉེར་དྲུག་ཙམ་ཉུང་དུ་ཕྱིན་། བྱུང་རབས་མཁས་པ་འགའ་ཤས་ཀྱིས་རོམ་ཤར་མའི་རྒྱལ་ཁམས་ཀྱི་རིམས་ནད་ཆེན་མོ་དེ་ལོ་རྒྱུས་ཁྲོད་ཀྱི་འཛམ་གླིང་ཡོངས་ཁྱབ་ཀྱི་རིམས་ནད་ལས་རྐྱེན་འདས་བྱུང་ཚད་ཀྱི་རིམ་པ་མཐོ་ཤོས་དེ་ཡིན་པར་ངེས་འཛིན་གནང་། 

གཉིས་པ། ལོ་ངོ་བདུན་བརྒྱའི་རིང་ལ་རིམས་ནད་དེ་རྩ་མེད་དུ་ཡལ་བ་འདྲ་བོ་བྱུང་མོད། 1348ལོར་བསྐྱར་དུ་ལངས་ཏེ་ཡོངས་གྲགས་ཀྱིས་འཆི་བདག་ནག་པོ་ཞེས་འབོད། རིམས་ནད་ཆེན་མོ་དེ་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་གནོད་པ་ཛ་དྲགས་པའི་འཛམ་གླིང་ཡོངས་ཁྱབ་ཀྱི་རིམས་ནད་ཆེས་ཤོས་ཁྲོད་ཀྱི་གཅིག་ཡིན། ཙི་ཙི་སོགས་སྲོག་ཆགས་ལས་འགོས་པའི་ནད་ཡམས་དེ་ཐོག་མར་ཤར་ཨེ་ཤ་ཡ་དང་དཀྱིལ་ཤར་ཨེ་ཤ་ཡ་ནས་དར་གོས་འདྲེན་ལམ་བརྒྱུད་དེ་ཨ་རབ་ལ་ཁྱབ་ཅིང་། ཨ་རབ་ནས་རྒྱ་མཚོའི་སྟེང་གི་ཚོང་སྐྱེལ་གྲུ་གཟིངས་བརྒྱུད་ནས་ཡོ་རོབ་ལ་ཁྱབ་པར་གྲགས།

ལོ་རྒྱུས་བྱུང་རབས་མཁས་པ་འགའ་ཤས་ཀྱིས་རིམས་ནད་ཆེན་མོ་དེ་སོག་པོའི་རླུང་འཚུབ་ཀྱི་དམག་དཔུང་དང་ཚོང་བ་རྣམས་བརྒྱུད་ཡོ་རོབ་ལ་ཁྱབ་པར་འདོད་མཁན་བྱུང་།(བོད་བཙན་པོའི་སྐབས་སུ་བོད་ཀྱི་མི་འབོར་ཧ་ཅང་ཆེན་པོ་བྱུང་ཡོད་ཀྱང་བོད་སིལ་བུའི་སྐབས་ནས་རིམ་བཞིན་ཇེ་ཉུང་སོང་བ་དེ་ཡང་རིམས་ནད་འདི་དང་འབྲེལ་བ་མེད་འགྲོ་སྙམ་མོད་དཔྱད་པར་འཚལ། ) སྤྱི་ལོ་1347ནས་1351བར་དུ་ཧ་ལམ་འཛམ་གླིང་ཤར་ནུབ་ཀྱི་མི་གྲངས་ས་ཡ་200ཉིས་བརྒྱ་ཙམ་རིམས་ནད་དེས་བསད་ཡོད་པ་དང་།  སྐབས་དེའི་ཡོ་རོབ་མི་འབོར་གྱི་60%ཙམ་རྐྱེན་འདས་བྱུང་ཡོད་པར་གྲགས། དུས་རབས་བཅུ་བཞི་བའི་ནང་དུ་ཧ་ལམ་མི་གྲངས་ས་ཡ་475 སྲོག་ཆགས་ནས་འགོས་པའི་རིམས་ནད་ཀྱིས་འདས་ནས་འཛམ་གླིང་མི་མང་གི་གྲངས་འབོར་ཇེ་ཉུང་དུ་སོང་། རིམས་ནད་དེའི་སྐབས་སུ་སྤྱི་ལོ་1232ལོར་རྒྱ་ནག་གི་གྲོང་ཁྱེར་(开封市) ནས་གཞིས་ཀ་སྟོང་ཕྲག་དུ་མ་ཞིག་རྩ་སྟོང་དུ་གྱུར་བར་བཤད།

གསུམ་པ། ཆིན་རྒྱལ་རབས་ཀྱི་སྲིད་སྐྱོང་རྒྱལ་པོ་ཞན་ཧྥུན་སྐབས། སྤྱི་ལོ་1855་ལོར་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ནས་ཙི་ཙི་ནས་འགོས་པའི་རིམས་ནད། (སྨན་བཅོས་མེད་པའི་རིམས་ནད། ) གླིང་ཆེན་ཡོངས་ལ་ཁྱབ། རྒྱ་གར་དང་རྒྱ་ནག་ནས་ཧ་ལམ་མི་གྲངས་ས་ཡ12 ལྷག་འདས་གྲོངས་སུ་ཕྱིན། འཛམ་གླིང་གི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བཤད་པ་ཡིན་ན། རིམས་ནད་དེ་སྤྱི་ལོ་1960 བར་དུ་ལྷག་ནས་ལོ་རེ་རེ་འཛམ་གླིང་ཡོངས་ནས་མི་གྲངས་ཉིས་བརྒྱ་རེ་རྐྱེན་འདས་བྱུང་ཡོད་པར་བཤད། གང་ལྟར་སྲོག་ཆགས་ནས་འགོས་རིམས་ནད་ཆེན་མོ་འདི་འགྲོ་བ་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཡ་ང་སྙིང་རྗེ་མེད་པའི་གནས་ཚུལ་ཞིག་ཡིན་པས། རང་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་སྔོན་འགོག་གི་ཐབས་དམ་པར་འབད་པར་ཤིན་ཏུ་གལ་ཆེ།


  
                    ཀླུ་ཚང་གུ་རུ་རྒྱལ་གྱིས་27/01/2020/རྒྱལ་ས་པེ་རི་སི་ནས། 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།