ལྡེའུ།

9871


རྩོམ་པ་པོ། ལྟག་ཨོ་རྒྱན་ཆོས་འཕེལ།

    {ལྡེའུ་}ནི་བོད་ཁ་བ་གངས་ཅན་པའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། ཕལ་ཆེར་སྲིད་པ་ཆགས་པའི་སྒྲུང་འདོན་པ་ནས་ཡོད་ཅིང་། {ལྡེའུ་}ཟེར་ན་གསང་བ་དང་ཕྱག་རྒྱ་དང་། ཆོས་ལུགས་དང་། བློ་གྲོས་སོགས་དང་འབྲེལ་བ་ཡོད་དེ། རྟག་ཏུ་མི་རྣམས་ཀྱི་འཚོ་བ་དང་ཁ་བྲལ་ཐབས་མེད་པ་རེད།  {ལྡེའུ་}ཡི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པས་བརྗོད་སྙིང་དམར་རྗེན་དུ་བྱ་རྒྱུར་དཀའ་ཁག་ཤིན་ཏུ་ཆེ། ཁྱད་པར་དུ་{ལྡེའུ་}ཁྲོམ་བསྒྲགས་བྱེད་པ་ནི་དཔལ་ཡོན་ཤིན་ཏུ་དར་ལ་ཆོས་དང་། ནོར། འདོད་པ། བདེ་བ་བཞི་ཡོངས་སུ་ཚང་བའི་རྫོགས་ལྡན་དུས་ཀྱི་ཁྱད་ཆོས་ཡིན་པས། གང་འདོད་འདོད་དུ་བསྟན་མི་རུང་བ་ཡིན་ནོ།། 

    ལྡེའུ་ཡི་རིག་གནས་དང་ང་ཚོའི་བར་གྱི་ཁ་ཐག་ཉེ་ཤོས་གཅིག་ནི་{བོད་ཡིག་}འདི་ཉིད་དོ།། བོད་ཡིག་ནི་ལྡེའུ་ཡི་འགྲོས་བཞིན་ཤིན་ཏུ་དམ་ཚགས་པར་བཀོད་དེ་བཟོས་པ་ཞིག་ཡིན། དེས་ན་བོད་ཡིག་རང་ལ་འགྲེལ་བཤད་རྒྱག་རྒྱུ་དེ་ཁག་པོའི་ལས་ཤིག་ཏུ་གྱུར་ཡོད། ཁ་ཅིག་གིས་སྲོང་བཙན་སྔོན་དུ་བོད་ཡིག་ཡང་ན་ཡི་གེ་མེད་ཅེས་གསུངས་པ་ནི་{ལྡེའུ་}ཡི་རིག་གནས་མ་མཁྱེན་པའི་རྟགས་རེད། གལ་ཏེ། ལྡེའུ་ཡི་རིག་གཞུང་ལེགས་པར་རྟོགས་ན་གཞི་ནས་གངས་ཅན་པའི་ཡུལ་དུ་ཡ་ཐོག་སྐབས་ནས་ངོ་མཚར་བའི་རིག་གནས་ཤིག་ཡོད་པ་གསལ་པོར་ཤེས་ཐུབ།

    {ལྡེའུ་}ཞེ་ན་སྟེང་གི་ཕྱོགས་སུ་མུན་སེལ་ཉི་མ་{མེ་}ལྟར་འབར་ཞིང་། འཇིག་རྟེན་ཐམས་ཅད་གསལ་བར་བྱེད། དེ་ནི་ནམ་མཁའི་{མིག་}ཀྱང་ཡིན་པས། རྣམ་བཅད་དང་འོད་དཔག་ཏུ་མེད་པ་ཞེས་སོ།། དེའི་འོག་ཏུ་ཕོ་གྲངས་དགུ་དང་མོ་གྲངས་བདུན་གྱི་གཞི་གྱུར་བའི་{ལ་}དང་ཡང་ན་{ལྷ་}ཞིག་བཞུགས་པས། དེ་ནི་ཉི་མའི་འོད་ཟེར་དང་མཉམ་དུ་རྟག་ཏུ་རབ་འབྱམས་ཀྱི་ཀློང་དུ་འཁོར་ལོ་བཞིན་གཡོ་བ། འཁོར་ཕྱོགས་ཀྱི་སྟོབས་ཚད་ལོངས་དང་གནམ་སའམ་ཕོ་མོའི་ཁམས་གཉིས་པོ་དེ་གཅིག་ལ་གཅིག་ཏུ་འཐམ་རེས་བྱེད་པ། དེའི་འོག་ཏུ་དད་པའི་ཀ་བའམ་ས་གཞི་དམར་པོ་ཡོད་པ། ཁྱད་པར་དུ་དྭངས་ཤིང་གཙང་བའི་ཆུ་བོ་ཞིག་ཀྱང་འབབ་པ་ཡིན། དེ་དག་གི་དོན་རྣམས་ཡི་གེའི་གཟུགས་སུ་བསྒྱུར་ན་{ལྡེའུ་}ཞེས་སོ།། 

    སྟེང་དུ་མེ་འབར་བ་དང་འོག་ཏུ་ཆུ་འབབ་པ། དཀྱིལ་དུ་ལྷའམ་ཕོ་མོའི་ཁམས་ཀྱི་འཁོར་ལོ་བཞུགས་པ། འོག་ས་གཞི་གདན་དུ་བཀོད་པའི་རྣམ་གཞག་འདི་ནས་འབྱུང་རྩིས་ཀྱི་སྤར་ཁ་དང་ས་བདག་འཁོར་ལོ་དང་། གཞན་ཡང་གྲངས་ཀ་ལྔ་དང་བདུན་དང་། དགུ་ནས་གྲུབ་པའི་སྨེ་བའི་འཁོར་ལོ་སོགས་གྲུབ། 

མཆན།

     {ལྡེའུ་}ཞེས་པའི་ཡི་གེ་འདི་ལ་རྣམ་བཅད་ཀྱི་མེ་དང་། ཁམས་ཀྱི་གྲངས་ཀ་དང་། སྤར་ཁའི་ཕྱག་རྒྱ་དང་། འབྱུང་བའི་རྒྱུན་སོགས་མངའ། 

                                                               2019/1/7


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།