མ་དྲིས་བཤད་ཀྱི་པར་རིས་བདམས་བཀོད།

64142

     མ་དྲིས་བཤད། དངོས་མིང་། བློ་བཟང་རྒྱལ་མཚན། 1996ལོ་འབྲོག་ཕྱོགས་རྩྭ་ཐང་ནས་ཐོག་མའི་ངུ་སྐད་བྱུང་ཞིང་རང་ལོ་བརྒྱད་པ་ནས་སློབ་ཆུང་གི་སྒོ་ཐེམ་འགྲིམས། རང་ལོ་བཅུ་གཉིས་ཟིན་ཙམ་ནས་ངུར་སྨྲིག་གྱོན་པའི་ལས་སྐལ་འོག་ནས་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་2009ལོར་སློབ་མཐར་ཕྱིན་ནས་མཚན་ཉིད་གྲྭ་ཚང་ལ་ཞུགས།

      2014ལོ་ནས་བཟུང་རང་གི་དགའ་ཕྱོགས་སམ་པར་ལེན་སྒྱུ་རྩལ་ལ་དུངས་བའི་འདུན་པ་ཤུགས་ཆེན་དེའི་རྐྱེན་པས་འབད་པའི་རྔུལ་ཆུ་རྡོག་རེ་དེ་ཕྱོགས་སུ་བཏངས་བ་ལ་བརྟེན་ནས་རིམ་བཞིན་2015ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་པར་ལེན་མཐུན་ཚོགས་སུ་ཞུགས་ཏེ་རྨ་ལྷོ་ཁུལ་གྱིས་པར་རིས་འགྲན་བསྡུར་ཁྲོད་བདེ་སྐྱིད་ཀྱི་བྲོ་བ་ཞེས་པའི་པར་ལ་ཨང་གསུམ་པའི་བྱ་དགའ་ཐོབ། 2016ལོར་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་གྲས་སུ་ཞུགས་པ་དང་ད་དུང་དུས་དེབ་དང་ཚགས་པར་སོགས་སུ་རང་གི་ཚོར་བས་ཕབས་པའི་པར་རིས་རི་མོ་དག་འགོད་ཀྱིན་ཡོད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།