གཡུ་ཆུང་གི་བཅད་མའི་སྙན་ཚོམས།

359

14459728_1175996359124529_2012570594_n.jpg

              
       ཁྱོད་ལ་གྱེས་སྟངས་ཤིག


རི་ཚོགས་དང་ཁང་བརྩེགས་ཕྱི་ནས་ཕྱི་རུ་བསྐྱུར།།

དྲན་རྟེན་དང་ཆགས་ཞེན་རྒྱང་ནས་རྒྱང་དུ་བསྐྱུར།།

ཡལ་འདབ་དང་རླུང་བུས་གར་གྱི་འཁྱུག་འགྲོས་བྱེད།།

དྲན་པ་དང་སྣང་བས་དཀར་ནག་སྐྱ་འཐབ་བྱེད།།

སྒེའུ་ལས་ཟེར་མ་འཕྲོས་ཏེ་ངོ་གདོང་ལ་རེག་རེག་བྱེད་དོ།།

སྒེའུ་ལས་ཁྱོད་ཉིད་འཕྲོས་ཏེ་སེམས་པ་ལ་བྱིལ་བྱིལ་གཏོང་ངོ་།།

མ་བསྒོམས་བྱམས་པའི་བཞིན་དེས་ཕྱི་ནས་ཕྱི་ལ་འཐེན།།

IMG_1533.JPG


སྲོད་ཀྱིས་ཁེར་རྐྱང་གྲིབ་མ་རིང་དུ་བསྲིངས།།

ཁྱོད་རང་ཕྱིར་ལྟོས་མེད་པར་ཆས།།

འགྲམ་འདབ་འཆི་མའི་རྗེས་ཤུལ་བབས།།

ཟིང་ཟིང་སྒྲ་ནི་འཇགས་པར་བྱས།།

ཉྭ་འདབ་བྱིན་པར་རྣོ་ཞུན་བབས།།

ཕྱོགས་སུ་ལུས་ཀྱི་བསུང་ཞིམ་བགས་ཙམ་འཁྱུག།

ཕྱོགས་སུ་རླུང་བུས་ངུད་མོ་ཡང་ཡང་བཏང་།།

སྲོད་ཀྱིས་ཁེར་རྐྱང་གྲིབ་མ་རིང་དུ་བསྲིངས།།

IMG_6899.JPG


     བྱ་ཕོས་རྨི་ལམ་དཀྲོགས་སོང་། 


རབ་བསལ་བསེར་མ་ལྡང་བའི་ཁ་ནས།།

ཤམ་གོས་གཡོ་བ་ཅན་ཁྱོད་མཐོང་བྱུང་།།

ཁྱོད་ནི་པད་མ་ཟེར་བ་མིན་ནམ།།

མིག་གིས་སྦྲང་རྩི་ལེན་པ་འདོད་བྱུང་།།

སྣ་ལ་བསུང་ངད་མངར་མོ་ལྡང་དེ་འོངས།།

ལུས་ལ་ཉི་འོད་ཟེར་མས་རེག་དེ་འོངས།།

ཐོ་རེངས་བྱ་ཕོའི་སྐད་དེས་རྨི་ལམ་རྔ་མའང་ཀྲིག་སེ་བཅད།།


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།