དོལ་པོའི་ཡུལ་ནས་རྩོམ་རིག་གི་ཤོག་ཁ་ཞིག་དབུ་བརྙེས་པ།

427

IMG_4316.JPG
                                                                      འདུ་ཚོགས་ཡུལ་དངོས་ཀྱི་ཟུར་ཞིགIMG_4019.JPG

         ཕྱི་ལོ2017ལོའི་ཟླ3ཚེས3ཉིན་དོལ་པོའི་རྩོམ་རིག་གི་ཤོག་ཁ《འཚོལ་སྨྱུག་ཚོགས》ཅེས་པ་དངོས་སུ་དབུ་ཚུགས་པའི་མཛད་སྒོ་དེ་བལ་པོའི་ཀ་ཐ་མན་གྲུའི་བོད་ཀྱི་གསོལ་མགྲོན་ཁང་(hotel Tibet international)དུ་བསྡུས།    རེབ་དེའི་ཚོགས་ཐོག་ཏུ་ས་གནས་དེར་ཡོད་པའི་དོལ་པོ་རང་གི་བླ་མ་དང་སྤྲུལ་སྐུ།   དགེ་བཤེས། སློབ་མ།  སློབ་གྲྭ་ཁག་གི་དགེ་རྒན། དམངས་ཚོགས། ཆེད་གཉེར་གདན་ཞུ་བྱས་པའི་བལ་པོའི་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཨཱ་ཙརྱ་ཤར་པ་ནོར་བུ་ལགས། སྙན་ངག་པ་རྫ་སྐྱེས་ཕུར་བ་བཅས་ཁྱོན་མི་གྲངས་བརྒྱ་ལ་ཉེ་བ་ཞིག་འདུ་འཛོམས་བྱས། 

                                                       ཚོགས་འདུར་ཆེད་བཅར་བྱས་པའི་མི་སྣ་ཁག             

        ཚོགས་ཐོག་ཏུ་མདོ་འཛིན་པ་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཉིན་དེའི་ལས་རིམ་སྙན་སྒྲོན་དང་། སྤྲུལ་སྐུ་འཆི་མེད་ཚེ་དབང་ལགས་ཀྱིས་ཚོགས་ཞུགས་ཡོངས་ལ་ཕེབས་བསུའི་གཏམ་བཤད་བྱས།IMG_4318.JPG

སྤྲུལ་སྐུ་འཆི་མེད་ཚེ་དབང་ལགས་ཀྱིས་ཚོགས་མི་ཡོངས་ལ་ཕེབས་བསུའི་གཏམ་བཤད་གནང་བཞིན་པ།

         ཚོགས་གཙོ་པདྨ་དགོས་འབྱོར་ལགས་ཀྱིས་འཚོལ་སྨྱུག་ཚོགས་ཞེས་པའི་དོལ་པོའི་རྩོམ་རིག་གི་ཤོག་ཁ་དེ་ངོ་སྤྲོད་དང་། བལ་ཡུལ་ཧི་མ་ལ་ཡའི་མི་རིགས་སྤུན་ཟླ་རྣམས་སྔར་ལས་ལྷག་པའི་གོང་བུ་གཅིག་བསྒྲིལ་གྱིས་ཕན་ཚུན་དབར་བསམ་ཚུལ་བརྗེ་ལེན་བྱ་སའི་སྡིངས་ཆ་ཞིག་མཉམ་བསྐྲུན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཏམ་བཤད་བྱས།

IMG_4312.JPG
ཚོགས་གཙོ་པདྨ་དགོས་འབྱོར་ལགས་ཀྱིས་རྩོམ་རིག་གི་ཤོག་ཁ་ཞིག་དབུ་བརྙེས་པའི་སྐོར་གྱི་གཏམ་བཤད་སྤེལ་གྱིན་པ།

           བཀྲ་ཤིས་ཕུན་ཚོགས(དཀར་པོ་འཚོལ)ལགས་ནས་འཚོལ་སྨྱུག་ཚོགས་ཀྱིས་པར་བསྐྲུན་བྱས་པའི་ཁོང་རང་གི་བརྩམས་ཆོས《དད་པས་བཅོམ་པའི་བོད་རྒྱུད་ཐུབ་བསྟན》གྱི་ནང་དོན་གསལ་བཤད་བྱས།

IMG_4314.JPG
དཀར་པོ་འཚོལ་ལགས་ཀྱིས་ཚོགས་ཐོག་ཏུ་རང་རྩོམ་ངོ་སྤྲོད་གནང་བཞིན་པ།

           བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཨཱ་ཙརྱ་ཤར་པ་ནོར་བུ་ལགས་ཀྱིས། བལ་ཡུལ་ནང་པའི་ཚོགས་པའི་ངོས་ནས་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་གྱི་རིང་མི་རིགས་སྤྱི་ཚོགས་ཀྱི་སྲི་ཞིར་དམིགས་པའི་སྦྱོར་བ་ལྷུར་བླངས་བྱས་པའི་འབྲས་བུར། ད་ཆ་བལ་པོ་སྲིད་གཞུང་ཤེས་རིག་ལྷན་ཁང་གིས་ངོས་ལེན་ཡོད་པའི་བོད་ཡིག་སློབ་ཚན་<< སྤྱི་ཚོགས་རིག་གནས།>> དང་<<བོད་ཀྱི་སྐད་ཡིག>> གཉིས་འགྲེམ་སྤེལ་ཐུབ་ཡོད་པ་དང་། སྐད་ཡིག་ཐོབ་ཐང་གི་ཐད་ནས་དམངས་ཚོགས་རྣམས་གོ་རྟོགས་ཞན་པའི་རྐྱེན་གྱིས་སྲིད་གཞུང་གི་ཡུལ་སྐད་ལ་མིང་རྟགས་བཀོད་སའི་རེའུ་མིག་ནང་དུ་ས་གནས་རང་རང་གི་ཡུལ་སྐད་ལས། བོད་སྐད་ལ་མིང་རྟགས་འགོད་མཁན་བལ་ཡུལ་ནང་མི་གྲངས་༤༠༠༠ ལས་མ་བྱུང་པས།   བལ་པོའི་ནང་དུ་བོད་སྐད་བོད་ཡིག་ཁྲིམས་ཀྱིས་སྲུང་སྐྱོབ་ཁྱབ་ཁོངས་སུ་འཇོག་རྒྱུར་དཀའ་ལས་མང་པོ་འཕྲད་ཀྱིན་ཡོད་པས། མ་འོངས་པར་ཧི་མ་ལ་ཡའི་ས་གནས་ཡོངས་ཀྱིས་སྐད་ཡིག་ཐོབ་ཐང་གི་ཆེད་དུ་སྤྱི་སྐད་དམ་བོད་རང་གི་སྐད་ལ་སོ་སོའི་སྐད་ཡིན་པའི་མིང་རྟགས་དགོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་ཁྲིམས་ལུགས་ཀྱིས་ངོས་ནས་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ཚུལ་སོགས་ཧ་ཅང་གལ་ཆེན་རང་བཞིན་ཅན་གྱི་གཏམ་བཤད་གནང་ཞིང་།  དེ་བཞིན་དུ་སྲས་ནམ་མཁའ་རྡོ་རྗེ་ལགས་ཀྱིས་ཕྱི་ལུགས་དེང་རབས་ཤེས་རིག་གིས་གནའ་བོའི་ཆོས་དང་རིག་གནས་འཛིན་སྐྱོང་ཐད་གནོད་པ་ཐེབས་ཀྱི་ཡོད་མེད་དང་། གནའ་དེང་ཟུང་འབྲེལ་ཟེར་བ་ཇི་འདྲ་ཞིག་ལ་འཇོག་དགོས་མིན་སྐོར།  དགེ་བཤེས་གཡུང་དྲུང་རྒྱ་མཚོ་ལགས་ཀྱིས་རྩོམ་རིག་གིས་མིའི་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་སྟངས་དང་། དེ་ཉིད་གོང་སྤེལ་གྱི་ཐབས་ལམ་ཅི་ཡོད་སྐོར་དང་། ཤཀྱཱ་སྤྲུལ་སྐུ་ལགས་ཀྱིས་ནང་ཆོས་ཀྱི་དགོས་མཁོ་དང་ཀུན་སྤྱོད་བཟང་པོ་ཡོང་ཐབས་སྐོར་སོགས་ཀྱི་བཏམ་བཤད་གྲུབ་རྗེས།  IMG_4311.JPG

ཤར་པ་ནོར་བུ་ལགས་ཀྱིས་ཚོགས་ཐོག་ཏུ་གལ་ཆེན་རང་བཞིན་གྱི་བཏམ་བཤད་སྤེལ་བཞིན་པ།

            གོང་གསལ་བཏམ་བཤད་དང་འབྲེལ་བའི་དྲི་བ་དྲིས་ལན་བྱས་པ་དང་། འཚོལ་སྨྱུག་ཚོགས་ཀྱིས། སློབ་ཁུལ་སོ་སོའི་ནང་གི་

དོལ་པོའི་སློབ་མའི་བོད་རྩོམ་ལེགས་གྲས་འབྲི་མཁན་གསུམ་ལ་གཟེངས་བསྟོད་དཔང་ཡིག་ཕུལ།༠༠༠༠༠༠༠.jpg

དོལ་པོ་བན་ཚང་གི་སློབ་བུ་ཉི་མ་རྒྱལ་མཚན་གྱིས་ཚོགས་ཐོག་ཏུ་བོད་རྩོམ་ཨང་དང་པོའི་དཔང་ཡིག་ལེན་བཞིན་པ།
དོལ་པོ་བན་ཚང་གི་སློབ་མ་ཤེས་རབ་སྒྲོལ་མས་ཚོགས་ཐོག་ཏུ་བོད་རྩོམ་ཨང་གཉིས་པའི་དཔང་ཡིག་ལེན་བཞིན་པ།ེེེེེེ7777777777777777777777.jpg
དོལ་པོ་ཀོ་མང་ནས་ཡིན་པའི་སློབ་མ་པདྨ་ལྷ་མོས་ཚོགས་ཐོག་ཏུ་བོད་རྩོམ་ཨང་གསུམ་པའི་དཔང་ཡིག་ལེན་བཞིན་པ།

         མཇུག་ཏུ་མདོ་འཛིན་པ་ཚེ་རིང་བསམ་གྲུབ་ལགས་ཀྱིས་རྫ་ཆུའི་རླབས་སྒྲའི་དྲ་བ་(website)ནི་རྩོམ་ཡིག་གི་སྤུས་ཚད་དང་འཆར་ངོས་ཀྱི་རྣམ་པ་གང་ཐད་ནས་བོད་རྩོམ་བཀླག་སའི་ཆེས་ལེགས་པའི་དྲ་བ་ཞིག་ཡིན་པས་ཁྱེད་ཅག་གིས་བོད་རྩོམ་བཀླག་འདོད་དུས་དྲ་བzachulab.comའདིར་གཟིགས་རོགས་ཞུ་ཞེས་རྫ་ཆུའི་རླབས་སྒྲའི་དྲ་བ་ངོ་སྤྲོད་བྱས།  ེེེཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡ.jpg

      མདོ་འཛིན་པ་ཚེ་རིང་བསམ་གྲུབ་ཀྱིས་ཚོགས་ཐོག་ཏུ་རྫ་ཆུའི་རླབས་སྒྲའི་དྲ་བ་ངོ་སྤྲོད་གནང་བཞིན་པ།

           ཚོགས་མི་རྒྱལ་པོ་ལགས་ཀྱིས་མུ་ནས་རང་སྐད་རང་ཡིག་གི་དར་ཆ་མཐོ་རུ་བསྒྲེང་རྒྱུ་ནི་འོ་སྐོལ་གྱི་འོས་འགན་དང་།  དེ་ནི་བླ་ན་མེད་པའི་ལས་བྱ་ཞིག་ཡིན་ཞེས་པའི་མཇུག་གཏམ་དང་འབྲེལ་ཏེ་བདེ་ལེགས་ངང་འདུ་ཚོགས་མཇུག་བསྡུས།།17198243_1339646372759526_346076207_n.jpg

ཚོགས་མི་རྒྱལ་པོ་ལགས་ཀྱིས་ཚོགས་ཐོག་ཏུ་མཇུག་བསྡུས་གཏམ་བཤད་སྤེལ་བཞིན་པ།  

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

                                                                                                          གསར་འཕྲིན་མཁོ་འདོན་བྱ་མཁན། པདྨ་དགོས་འབྱོར།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།