༡༩༩༤ལོར་ལ་དྭགས་དེ་རི་ལྗོངས་རང་སྐྱོང་ས་ཁུལ་དུ་གཏན་འབེབས་བྱས། ལ་དྭགས་སུ་ནམ་རྒྱུན་བོད་ཡིག་གི་ཚགས་པར་དང་སྦྱར་བྱང་། བོད་ཡིག་གི་དཔེ་དེབ་སོགས་ཡོངས་ཁྱབ་ཏུ་སྤྱོད་ཀྱིན་ཡོད། ཉེ་ཆར་གྱི་མི་གྲངས་བསྡོམས་རྩིས་ལྟར་ན་ལ་དྭགས་རང་སྐྱོང་ས་ཁུལ་དུ་མི་གྲངས༡༠༣༠༠༠ཙམ་ཡོད་པར་གསལ་ཞིང་། ས་ཁུལ་དེ་མངའ་རིས་ཆོས་རྒྱལ་གྱི་གདུང་རྒྱུད་རིམ་བྱོན་རྣམས་ཀྱིས་རྒྱལ་རབས་བཞི་བཅུ་ཙམ་གྱི་རིང་ལ་བསྐྱངས་མྱོང་བ་དང་། ད་སྐབས་ཀྱང་ལ་དྭགས་ན་ཆོས་རྒྱལ་དེ་དག་གི་གདུང་རྒྱུད་ངོ་མ་ཡོད་པ་རེད།




རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།