ཧི་མ་ལ་ཡའི་མཁར་གཞིས་མཚོན་པའི་རི་མོ།

74878

__ཚེ་རིང་ཕུན་ཚོགས། ཕྱི་ལོ་1981ལོར་གློ་སྟོད་ཚོ་བདུན་གྱི་ནང་ཚན་གློ་ཚོ་ཤར་ཏུ་སྐྱེས། དང་ཐོག་གློ་བོ་རང་ནས་ཡིན་པའི་ལྷག་པ་ཞུ་བའི་དྲུང་ནས་བོད་ཀྱི་ཐང་ག་འབྲི་ལུགས་སློབ་སྦྱོང་བྱས། དེ་རྗེས་ཀྱང་ཡམ་བུ་ནས་གཞིས་རྩེ་བསྟན་འཛིན་དབྱིག་གཉེན་ཞུ་བའི་དྲུང་དུ་ནས་ཐང་ག་འབྲི་ལུགས་ལོ་བཞི་ཡས་མས་རིང་སློབ་སྦྱོང་བྱས། ད་ལྟ་སྐྱ་ཐིག་ལས་བརྒལ་བའི་དངོས་ཡོད་རི་མོ་འབྲི་ཡི་ཡོད།།

ཁོའི་རི་མོའི་ཁྲོད་དུ་མངོན་པ་ནི་ཧི་མ་ལ་ཡའི་ཡུལ་ཕྲན་གློ་བོ་ཡི་མཁར་ཁང་མཆོད་རྟེན་སོགས་ཀྱི་སྣང་བརྙན་ཡིན་ལ། དེ་ཡང་གཙོ་བོ་ད་དུང་བོད་ཀྱི་གནའ་བོའི་མཛེས་པ་མ་ནུབ་པར་ཡོད་པའི་གློ་སྟོད་ཀྱི་རྣམ་པ་དངོས་བྲིས་སུ་སྤྱད་ཡོད་པ་དེ་རེད། ང་ཚོས་རི་མོ་དེ་དག་ལས་མཐོང་ཞིང་མྱོང་ཐུབ་པ་ནི་དུས་རབས་ཀྱི་ཉམ་ང་མ་ཕོག་པའི་ལྷིང་འཇགས་ཀྱི་ཞིང་ཁམས་ཤིག་དང་། གནའ་སྲོལ་རྒྱས་པའི་ཞིང་ཁམས་དེའི་མཛེས་པ་ཡིན་ལ། ད་དུང་མང་ཡུལ་གུང་ཐང་གི་མཁར་ཁང་གཞིས་གསུམ་གྱི་བཀོད་པ་ཡིན།

གློ་བོ་ཚོ་ཤར་ཏུ་ཡོད་པའི་ཉི་ཕུག་དགོན།
ཉི་ཕུག་དགོན་པའི་དུས་མཆོད་ཀྱི་རྣམ་པ།
གློ་བོ་སྨོན་ཐང་གི་བྱེ་བ་མཆོད་རྟེན།
སྨོན་ཐང་གི་མཆོད་རྟེན།

གློ་བོ་རྩ་རང་གི་མཆོད་རྟེན།
གློ་བོའི་རྒྱལ་ས་གཉིས་པ་གློ་སྟོད་རྩ་རང་གྲོང་ཚོ།
སྨོན་ཐང་གི་ཟུར་ཞིག
གློ་བོ་དགེ་དཀར་དགོན་གྱི་འདུ་ཁང་།
གད་སྨད་ཀྱི་མཆོད་རྟེན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།